分享按钮

མཛེས་པའི་མཐའ་མཚམས་ཀྱི་གྲོང་སྡེ།ཡིད་དུ་འོང་བའི་མེ་ཏོག་རྫོང་།

(པར་ངོས་གཉིས་པར་མཐུད)ཡུལ་སྐོར་ལས་རིགས་པའི་འབྲེལ་ཡོད་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ལ་བརྟེན་ནས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བར་སྔར་ལས་ལྷག་པའི་ཡུལ་སྐོར་གྱི་ཉམས་ལེན་གང་ལེགས་ཡོང་བར་བྱས་ཡོད་ཅེས་བཤད།

མེ་ཏོག་རྫོང་གི་རང་བྱུང་ཐོན་ཁུངས་དང་རིག་གནས་ཀྱི་རྨང་གཞི་སྔར་བས་འགྲེམས་སྟོན་བྱ་ཆེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་མེ་ཏོག་རྫོང་གི་མོན་པ་དང་ལྷོ་པ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འབྱོར་ཐོ་འགོད་ཡུལ་དང་། ཁྱད་ལྡན་གྱི་མཉམ་འགུལ་བྱ་ཡུལ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་མཛེས་ལྗོངས་པར་རིས་འགྲེམས་ཁུལ། མེ་ཏོག་གི་རིག་གནས་གསར་གཏོད་ཐོན་ཟོག་དང་ཁྱད་ལྡན་ཐོན་ཟོག་འགྲེམས་ཁུལ་སོགས་ཀྱི་ས་ཁོངས་མང་པོ་བཀོད་སྒྲིག་བྱས་ཡོད་པས། མཛེས་པའི་མཐའ་གྲོང་། ཡིད་འོང་མེ་ཏོག་གི་ངོ་མཚར་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོར་མེ་ཏོག་གི་མཛེས་པ་ཚོར་བ་དང་།མེ་ཏོག་གི་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་གསར་པ་མཁོ་འདོན་བྱས་ནས་མེ་ཏོག་གི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད་པ་རེད།

ལིའུ་ཀྲུའུ་ཡིས་འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་མེ་ཏོག་རྫོང་ལ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་55ཟིན་པ་དེ་ན་ནིང་ལས་བརྒྱ་ཆ་46འཕར་ཡོད། མེ་ཏོག་རྫོང་ལ་མ་འཇོག་བྱེད་ཤུཊ་ཧ་ཅང་ཆེན་པོ་ཡོད་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེཊ་སུ་ཕྱིན་པ། རྣམ་གྲངས་གལ་ཆེན་རྒྱུན་མཐུད་ངང་དོན་འཁྱོལ་ཐུབ་པ་བཅས་བྱུང་ནས་མེ་ཏོག་རྫོང་གི་འབྲེལ་ཡོད་ཐོན་ལས་ཀྱང་མགྱོཊ་མྱུར་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 6 6 拉萨日报藏文 c191348.html 1 མཛེས་པའི་མཐའ་མཚམས་ཀྱི་གྲོང་སྡེ།ཡིད་དུ་འོང་བའི་མེ་ཏོག་རྫོང་། /enpproperty-->