(པར་ངོས་དང་པོར་མཐུད)སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་བྱེད་དགོས།
གསུམ་ནས་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོང་འཕེལ་དོ་སྙོམས་མིན་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་དར་རྒྱས་དང་བརྟན་ལྷིང་ནི་དབུལ་ཕོངས་ཇེ་དབུལ་དང་ཕྱུག་པོ་ཇེ་ཕྱུག་གི་རྨང་གཞིའི་ཐོག་འཛུགས་ཐུབ་པ་ཞིག་མིན། རྒྱལ་ཁབ་ཁག་ཐུན་མོང་ཐོག་གོང་འཕེལ་འགྲོ་བ་ནི་དོན་ངོ་མའི་གོང་འཕེལ་ཡིན། མི་རྩ་བར་འཛིན་པ་དང་། གོང་འཕེལ་སྔར་བས་དོ་སྙོམས། གོ་སྐབས་སྔར་བས་དོ་སྙོམས་བཅས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལམ་དུ་བསྐྱོད་དེ་རྒྱལ་ཁབ་མི་འདྲ་བ་དང་། རིམ་གྲས་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ལ་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་30ཡི་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་གྱི་འཕར་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ངོ་མཚར་བཏོད་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་གྲུབ་འབྲས་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དམ་པ་དོན་དུ་གཉེར་བ་དང་། ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་དང་སྒོ་དབྱེའི་ས་ཁོངས་རིང་ལུགས་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གོ་ལ་ཅན་གྱི་དུས་བབ་དང་བསྟུན་པ་དང་གཉིས་ཁེ་མཉམ་ཕན་དང་ཕན་ཚུན་གྲུབ་འབྲས་ཐོབ་ཐབས་བྱེད་པ་མཐའ་འཁྱོངས་བྱེད་པ་བཅས་ལས་བྱུང་བ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱིས་མུ་མཐུད་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བྱེད་པའི་སྣེ་ཁྲིད་པ་ཞིག་བྱས་ཏེ། གཞུང་འཁྱོངས་གསར་གཏོད་དང་། སྒོ་དབྱེའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་ཁོང་ཡངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་གསེར་བྱང་གི་བཀྲག་མདངས་སྔར་བས་འཚེར་བ་བྱེད་པ། སྦགས་མེད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་གྲངས་འཛིན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མིང་བྱང་གསར་པ་གཏོད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གོང་འཕེལ་གྱི“ལོ་ངོ་སུམ་བཅུའི་གོང་འཕེལ་དུས་བཟང་བ་ཕྱི་མ”དེ་གཏོད་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། ཀྲུང་གོས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་མུ་མཐུད་སྣོན་རྒྱུ་ཡིན། ཀྲུང་གོར་ད་ལོའི་དཔལ་འབྱོར་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཐུབ་ནས་འཛམ་གླིང་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་ཆས་ཆེ་ཤོས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ཀྲུང་གོས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་མཐོའི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྣེ་ཁྲིད་བྱ་རྒྱུ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་གོ་ལ་ཧྲིལ་པོའི་སྦགས་མེད་བརྗེ་སྒྱུར་ལ་མུ་མཐུད་སྒུལ་ཤུགས་ཆེན་པོ་བསྣན་ནས་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་ཡིན། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་ལམ་སྲོལ་གསར་པ་འཛུགས་པ་དང་། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེའི་སྲིད་ཇུས་དེ་བས་མང་བ་འདོན་པ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་འཛམ་གླིང་ལ་ཀྲུང་གོའི་གོང་འཕེལ་གྱི་གོ་སྐབས་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོའི་གོང་འཕེལ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་དང་ཁ་འབྲལ་ཐབས་མེད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ལ་ཡང་བདེ་སྐྱིད་བསྐྲུན་རྒྱུ་རེད། ང་ཚོས་སྒོ་དབྱེ་མཉམ་འབྲེལ་གྱི་སྙིང་སྟོབས་ལག་ལེན་བསྟར་ཚེ། ཞི་བདེ་རྒྱ་མཚོ་ཆེན་མོ་དེ་དར་རྒྱས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་ལམ་དུ་འགྱུར་ཐུབ། ང་ཚོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མཉམ་དུ་བསུས་ནས་འཛམ་གླིང་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་མཉམ་ཤུགས་དེ་བས་ཆེ་བ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་གསུངས་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社