(པར་ངོས་དང་པོར་མཐུད)འབྱུང་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གོང་འོག་མཉམ་འགུལ། མཉམ་ཤུགས་འགག་སྒྲོལ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་དྭངས་གཙང་དང་སྐྱིད་སྣང་དོད་པའི་གྲོང་ཁྱེར་སྔོ་འགྱུར་གྱི་ཁོར་ཡུག་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ་རེད།
སྔོ་འགྱུར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་པ།
ཉེ་ཆར། གསར་འགོད་པས་ཅང་སུའུ་ཤར་ལམ་གྱི་ལྷ་སའི་ཀུ་རུ་ཟམ་པ་རྙིང་པའི་གཞོགས་གཡས་གཡོན་གཉིས་སུ་སྟོན་མཇུག་ཏུ་སླེབས་ཀྱང་དེ་གར་ད་དུང་སྔོ་ཐིང་ཐིང་དུ་གནས་པ་དང་། ཚོས་གཞི་མི་འདྲ་བའི་མེ་ཏོག་རྣམས་མེ་ཏོག་རྒྱས་དུས་ཡོལ་ཡང་། མེ་ཏོག་འགའ་ཞིག་སྟོན་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དལ་བུར་གཡོ་བཞིན་ཡོད་པ་མཐོང་བྱུང་། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྔོ་འགྱུར་བདག་སྐྱོང་དང་རིམ་སྤོར་སྒྱུར་བཀོད་མ་བྱས་གོང་། དེ་གར་རྩྭ་ལྡུམ་མང་པོ་སྐྱེས་ཡོད་པ་དང་ས་ཕྱོགས་གང་སར་གད་སྙིགས་སྣ་ཚོགས་སྤུངས་ཡོད་པ་རེད། རིམ་སྤོར་སྒྱུར་བཀོད་བྱས་རྗེས། ད་ལྟའི་ང་ཚོའི་མིག་མདུན་གྱི་ཉམས་དགའ་བའི་འབྱུང་ཁམས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཀུ་རུ་ཟམ་པ་རྙིང་པའི་གཡས་གཡོན་གྱི་སྤང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2853ཡོད་པ་དང་། ཡུལ་དངོས་སུ་ས་སྨི་རྒྱ་དཔངས་གྲུ་བཞི་མ་1426.5ཡི་ས་བརྒྱངས་ནས་དྲི་ཞིམ་མེ་ཏོག་སྡོང་རྐང་125དང་། གསེར་ལོ་ཅན་གྱི་ཡོ་འབོག་སྡོང་རྐང་5 ལོ་མ་ཆེ་བའི་སྦྱར་སེར་སྡོང་རྐང་35 ལོ་མ་དམར་པོའི་ཧྲི་ནན་སྡོང་རྐང་32བཅས་དང་། དེ་བཞིན་སྨྱུག་ལྗང་སྨི་ངོས་གྲུ་313དང་། ལོ་འདབ་དམར་པོའི་ཧྲི་ནན་སྨི་ངོས་གྲུ་466 རྒྱ་སེའི་མེ་ཏོག་སྨི་ངོས་གྲུ་939 ལོ་མ་ཆེ་བའི་སྦྱར་སེར་སྨི་ངོས་གྲུ་427བཅས་འདེབས་འཛུགས་བྱས་པ་དང་། སྤང་ལྗོངས་སྨི་ངོས་གྲུ་708འདེབས་འཛུགས་བྱས་ནས་ཇུས་འགོད་བྱེད་ཚད་བརྒྱ་ཆ་100ཟིན་ཡོད་པ་རེད།
ད་ལོ་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གི་འགན་འཁྲིའི་སྡེ་ཚན་ཁག་དང་། རྫོང(ཆུས)ཁག ནུས་པའི་ཁུལ་བཅས་ཀྱིས་ཁྱད་ཆོས་མངོན་གསལ་དོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་རྣམ་གྲངས་ཁག་གཅིག་བསྐྲུན་རྩིས་ཡོད་པ་དང་། འཆར་གཞི་ལྟར་ན། རྣམ་གྲངས་34ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེར་སྔོན་རྩིས་བྱས་པ་ལྟར་ན། མ་འཇོག་བསྡོམས་འབོར་སྒོར་ཁྲི་59ལྷག་ཙམ་ཟིན་རྒྱུ་རེད། མིག་སྔར་རྣམ་གྲངས་16ལེགས་གྲུབ་བྱུང་བ་དང་། རྣམ་གྲངས་15ལས་འགོ་ཚུགས་པ། རྣམ་གྲངས་3ལ་སྐུལ་འདེད་བཏང་བ་བཅས་རེད། དེ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་གྱི་སྒོ་ར་དང་། ས་སྟོང་མཛེས་བཟོ། སྔོ་འགྱུར། དྭངས་གཙང་བཅས་ཀྱི་ལས་དོན་ཏན་ཏིག་སྤེལ་ནས་སྒོ་རའི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཐད་གཏོགས་ཚན་པ་དང་། རྫོང(ཆུས)ཁག ནུས་པའི་ཁུལ་བཅས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་སྒོ་རའི་སྔོ་འགྱུར་རྣམ་གྲངས་179གོང་ཞུ་བྱས་པར་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་173ཟིན་པ་དང་། རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་37837ཟིན་པ། མིག་སྔར་སྡོང་ཕྲུག་རྐང་ཁྲི་410དང་སྡོང་ཐུང་ཆུང་ངུ་སྨི་ངོས་གྲུ་13770འདེབས་འཛུགས་དང་། སྤང་ལྗོངས་སྨི་ངོས་གྲུ་ཁྲི་31ལྷག་ཙམ་བཏབ་ཡོད་པ་རེད། མིག་སྔའི་བར་སྒོ་རའི་སྔོ་འགྱུར་རྣམ་གྲངས་164ལེགས་གྲུབ་ཟིན་པ་དང་སྔོ་འགྱུར་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་133.2ཟིན་པ་དང་། རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་6013.04ཟིན་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་བེད་མེད་དུ་བསྐྱུར་བའི་ས་ཆའི་སྒོ་ར་སྔོ་འགྱུར་གྱི་རྣམ་གྲངས་16ཡོད་པ་དང་། སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་8.3ལྷག་ཙམ་མང་དུ་གཏོང་རྩིས་ཡོད་པ་དང་། རགས་རྩིས་བྱས་པ་ལྟར་ན་རྣམ་གྲངས་དེར་མ་དངུལ་སྒོར་ཁྲི་15ལྷག་ཙམ་གཏོང་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའི་ལི་ལིས་ད་ལོ་ང་ཚོ་གྲོང་ཁྱེར་དོ་དམ་ཅུས་ཀྱིས་རྩིས་ལེན་བདག་སྤྲོད་བྱས་པའི་གྲོང་ཁྱེར་ཡོངས་ཀྱི་སྲུབས་མཐོང་ལྗང་འཛུགས་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཀྱི་དམངས་འཚོའི་རྣམ་གྲངས་ཆེན་པོ་བཅུའི་གྲས་ཤིག་ཡིན་ཞིང་། རྣམ་གྲངས་ཧྲིལ་པོའི་ཨར་ལས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་22000ཟིན་པ་དང་། ཁྱོན་མ་དངུལ་སྒོར་ཁྲི་1058བཏང་ཡོད། གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་ས་སེར་ཕྱིར་མངོན་པ་དང་རྩི་ཤིང་སྐྱེ་ཚུལ་ཞན་པའི་ས་ཁུལ13དང་འབྲེལ་བ་ཡོད། ཟླ་3པར་ལས་འགོ་ཚུགས་པ་ནས་བཟུང་། མིག་སྔར་སྤྱིའི་ཇུས་འགོད་ཀྱི་བརྒྱ་ཆ་90ལེགས་གྲུབ་ཟིན་པདང་། ཟླ་11ཚེས་1ཉིན་དུས་མཚམས་རང་བཞིན་གྱི་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད། སླད་ཕྱིན་ད་དུང་བོད་ལྗོངས་སློབ་ཆེན་ལམ་དང་གཙང་འགྲམ་ལམ་སོགས་ས་ཆ་ལྔ་སྔར་བས་སྒྱུར་བཀོད་རིམ་སྤོར་བྱེད་དགོས་པ་དང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཡོད། རྣམ་གྲངས་དེའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་དཔྱིད་དུས་སུ་མེ་ཏོག་བཞད་པ་དང་། དབྱར་དུས་སུ་བསིལ་གྲིབ་ཡོད་པ། སྟོན་དུས་སུ་ཚོན་མདངས་རྣམ་པར་བཀྲ་བ། དགུན་དུས་སུ་སྔོ་ལྗང་ལྡན་པ་བཅས་ཀྱི་གྲོང་ཁྱེར་ཞིག་གཏོད་ཆེད་ཡིན་པ་རེད།
ཆུ་ཚད་མཐོན་པོའི་སྒོ་ནས་བདག་སྐྱོང་དོ་དམ་བྱས་ཏེ་སྤུས་ཚད་མཐོ་རུ་བཏང་ནས་མིའི་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་བ།
བཅུ་ཆ་གསུམ་ནི་འདེབས་འཛུགས་དང་བཅུ་ཆ་བདུན་ནི་གསོ་སྐྱོང་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་ལས་དོན་ཁྲོད་འདེབས་འཛུགས་བྱས་རྗེས་ཀྱི་དོ་དམ་དང་བདག་སྐྱོང་ནི་སྔོ་འགྱུར་གྲུབ་འབྲས་རྒྱུན་སྲིང་དང་ནུས་ལྡན་ཡོང་བའི་འགག་རྩ་ཞིག་རེད། རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་གྲོང་ཁྱེར་ཡོངས་ཀྱི་སྔོ་འགྱུར་ཁུལ་གྱི་རྗེས་མཐུད་ཀྱི་བདག་སྐྱོང་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བདག་སྐྱོང་ཚན་པར་དུས་ཚིགས་ཀྱི་ཁྱད་ཆོས་དང་ནད་འབུའི་གནོད་འཚེ་ཐོན་མང་བའི་དུས་མ་སླེབས་གོང་དུ་ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་པའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་ལྟ་སྐུལ་བྱས་པ་དང་། མི་དང་འཕྲུལ་འཁོར་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད་ནས་དུས་བཀག་ཐོག་སྔོ་འགྱུར་ཁུལ་ལ་ཆུ་འདྲེན་པ་དང་། ལུད་རྒྱག་པ། ཡལ་བཞུར་རྒྱག་པ། ནད་ཕོག་པའི་ཡལ་ག་དང་། ཡལ་ག་སྐམ་པོ། རྩྭ་ངན་གཙང་སེལ་སོགས་ཀྱི་ལས་དོན་སྤེལ་ནས་རྩི་ཤིང་སྐྱོན་བྲལ་ངང་སྐྱེ་འཚར་ཡོང་བའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ད་དུང་སྔོ་འགྱུར་སྒྲིག་བཀོད་ལ་སྲུང་སྐྱོང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་དུས་ཐོག་ཏུ་ཉམས་གསོ་བྱས་ནས་སྔོ་འགྱུར་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་འགན་ལེན་བྱས་ཡོད། མིག་སྔའི་བར་འགན་འཁྲིའི་ཚན་པ་དང་། རྫོང(ཆུས) ནུས་པའི་ཁུལ་བཅས་ཀྱིས་མི་ཐེངས་ཁྲི་19.25ལྷག་ཙམ་དང་། དམིགས་བསལ་ལས་སྒྲུབ་རླངས་འཁོར་ཐེངས་ཁྲི་2.58བཅས་བཀོད་སྒྲིག་བྱས་ཏེ་སྡོང་ཕྲུག་རྐང་ཁྲི་112.98གསབ་འཛུགས་དང་། སྡོང་ཕྲུག་རྐང་ཁྲི་17.25ལ་ཡལ་བཞུར་བརྒྱབ་པ། ལམ་རྒྱུད་ཀྱི་ཤིང་སྡོང་རྐང་ཁྲི་10.80ལ་དཀར་རྩི་བྱུགས་པ། ཤིང་སྡོང་རྐང་ཁྲི་17.33ལ་གནོད་འབུ་འགོག་བཅོས་བྱས་པ། ཆུ་ཏུན་ཁྲི་45.25བཏང་བ། སྔོ་འགྱུར་ལུད་སྨི་ངོས་གྲུ་ཁྲི་24.33བརྒྱབ་པ། སྨི་ངོས་གྲུ་ཁྲི་113.94ཡི་རྩ་ངན་བཀོག་པ། སྡོང་རྐང་སྐམ་པོ་ཁྲི་18.95གཙང་སེལ་བྱས་པ། སྔོ་འགྱུར་གད་སྙིགས་ཏུན་5785.98གཙང་སེལ་བྱས་པ། སྔོ་འགྱུར་ལྕགས་ར་སྨི་10979ཉམས་བཟོ་དང་སྒྲིག་སྦྱོར་བྱས་པ། གངས་དང་འཁྱགས་པ་ཏུན་50.5མེད་པར་བཟོས་པ། སྡོང་རྐང་289ལ་གྲང་འགོག་རས་དཀྲིས་པ། ཕན་མེད་ལྕགས་ར་རྙིང་པ་སྨི་ཁྲི་3.95བཤིགས་པ་བཅས་བྱས་ཡོད་པ་རེད།
གཞན་ཡང་། གྲོང་ཁྱེར་དོ་དམ་ཅུས་ཀྱིས་པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་གདན་དྲངས་ཏེ་རྫོང(ཆུས)ཁག་དང་ནུས་པའི་ཁུལ་གྱི་སྐྱེད་ཚལ་སྔོ་འགྱུར་དོ་དམ་བདག་སྐྱོང་ཚན་པ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་འགྱུར་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། སློབ་ཁྲིད་དང་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པའི་རྣམ་པའི་ཐོག་ནས་རྒྱ་སེའི་མེ་ཏོག་གི་སྣ་ཁ་འདེམས་པ་དང་། སོན་གསོ་དང་འདུལ་གསོ་བྱེད་པ། རྒྱ་སེའི་མེ་ཏོག་ཡལ་བཞུར་རྒྱག་པ། ནད་འབུའི་གནོད་འཚེ་འགོག་བཅོས། མེ་ཏོག་ལྡུམ་རའི་གྲོང་ཁྱེར(གྲོང་ཁྱེར་གྱི་སྔོ་འགྱུར)ཇུས་འགོད་སོགས་ལ་གཙོ་གནད་ཐོག་འགྲེལ་བཤད་གཏིང་ཟབ་བརྒྱབ་པས་གྲོང་ཁྱེར་དེའི་དོ་དམ་དང་བདག་སྐྱོང་མི་སྣའི་བདག་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་འགྱུར་ལེགས་སུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། དེ་དང་ཆབས་ཅིག་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རྩི་ཤིང་འདེབས་འཛུགས་དང་། རྩི་ཤིང་ལ་བདག་གཅེས། རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཁྲོད་རྒྱ་ཁྱབ་ངང་ཞུགས་པ་དང་མི་ཚང་མར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་པའི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།
རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ལ་བརྟེན་ནས་རང་གྲོང་གི་གྲོང་གསེབ་ཀྱི་ཉམས་འགྱུར་དེ་གནས་གཅིག་མཛེས་པ་ནས་ཕྱོགས་ཡོངས་མཛེས་པ་དང་། སྐབས་ཤིག་རིང་མཛེས་པ་ནས་ཡུན་རིང་མཛེས་པ། ཁོར་ཡུག་མཛེས་པ་ནས་དར་རྒྱས་མཛེས་པ་བཅས་སུ་འགྱུར་བཞིན་ཡོད་པ་དང་། འགྱུར་ལྡོག་དེ་རིགས་ཀྱིས་རྒྱ་ཆེའི་གྲོང་མི་རྣམས་ཀྱི་མིག་ལ་མཛེས་ཤིང་ཁོར་ཡུག་སྐྱིད་སྣང་དོད་དུ་བཏང་ཡོད།
ལྷོ་སྐོར་ལམ་གྱི་གཉེན་བསུའི་ཟམ་ཆེན་གྱི་ལྷོ་ངོས་ཉེ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་ཁུར་བ་ཚེ་རིང་དབྱངས་ཅན་གྱིས་དེ་སྔ་ལམ་ཟུར་གང་སར་གད་སྙིགས་ཀྱིས་ཁེངས་ཡོད། ད་ལོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་སྤེལ་རྗེས་སྔོ་ཐིང་ཐིང་དུ་གྱུར་པ་དང་ཁོར་ཡུག་འདི་འདྲའི་ཉེ་འཁོར་དུ་གད་ཕྱིས་རྒྱག་དགོས་བྱུང་ཡང་སེམས་པ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།
ལིའི་ལི་ལིས་སླད་ཕྱིན་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚོགས་ཆུང་གིས་སྔར་བས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ནས་ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་། ལོ་བཅུའི་རིང་ལྷ་ས་ཡོངས་སྔོ་ལྗང་དུ་འགྱུར་བར་བྱེད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社