分享按钮

ཅང་སུའུ་ཡི་གཅིག་སེམས་གཅིག་སྦྲེལ་ཚོཊ་པ་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་བསྐྱོད་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་རིན་མེད་ངང་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་བ།

པར་འདི་ནི་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་གཅིག་སེམས་གཅིག་སྦྲེལ་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་བྱིས་པ་ནད་པར་ཚོན་ཁྲ་ཅན་གྱི་སྙིང་ཁམས་གློག་པར་རྒྱག་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་15ཉིན། ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་གཅིག་སེམས་གཅིག་སྦྲེལ་ཚོགས་པ་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་བསྐྱོད་དེ་ལོ་0ནས་18བར་གྱི་མི་ཚོགས་ཀྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་རིན་མེད་ངང་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་ཞིང་། གཤགས་བཅོས་བྱེད་དགོས་པའི་རིགས་ཀྱི་ནད་པ་ཅང་སུའུ་རུ་སྨན་བཅོས་བྱེད་པར་འགྲོ་འདོད་ཡོད་པར་དམིགས་ནསགཅིག་གྱུར་ཐོག་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པར་རིན་མི་དགོས་པར་གཤགས་བཅོས་བྱེད་པར་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་པ་རེད།

ཉིན་དེའི་སྔ་དྲོ། ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་ཡོན་ཀྲང་ལི་ཆིང་གོ་ཡིས་སྨན་ཁང་གི་སྙིང་ཁམས་ཕྱི་བཅོས་ཚན་ཁག་དང་སྙིང་ཁམས་ཀྱི་ཚོན་ཁྲ་ཅན་གྱི་གློག་པར་གྱི་རིགས་གཅིག་མཁས་ཅན་5ཡི་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་བསྐྱོད་ནས་བྱིས་པ་ནད་པར་ཉན་བརྟག་དང་ཚོན་ཁྲ་ཅན་གྱི་སྙིང་ཁམས་གློག་པར་བརྒྱབ་པ་དང་བསྟུན་ནས་ནད་པ་མི་རེ་ངོ་རེའི་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ཏེ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་པ་དང་འབྲེལ་སྨན་བཅོས་ཐད་ཀྱི་གྲོས་འགོ་ཡང་བཏོན་པ་རེད།

ད་ལོའི་ཟླ་6པར་ཅང་སུའུ་ཡི་གཅིག་སེམས་གཅིག་སྦྲེལ་ཚོགས་པའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཡོད་མཁན་ལ་རིན་མེད་ངང་བརྟག་དཔྱད་བྱེད་པའི་བྱེད་སྒོའི་ཁྲོད། འདམ་གཞུང་རྫོང་ཀོང་ཐང་ཤང་ལྟེ་བའི་སློབ་ཆུང་དུ་སློབ་སྦྱོང་བྱེད་བཞིན་པའི་ཚེ་དབང་རིག་འཛིན་ལ་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་ཡོད་པ་ཤེས་པ་དང་འབྲེལ་ཟླ་7པར་ནན་ཅིང་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གཉིས་པར་བསྐྱོད་ནས་རིན་མེད་ངང་གཤགས་བཅོས་བྱས་པ་རེད། གཤགས་བཅོས་བྱས་ནས་ཟླ་བ་གསུམ་སོང་རྗེས་ཚེ་དབང་རིག་འཛིན་ལ་སླར་ཡང་བརྡ་ཐོ་འབྱོར་རྗེས་ནང་མིའི་རོགས་རམ་འོག་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་ཡོང་ནས་ནན་ཅིང་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་རིགས་གཅིག་མཁས་ཅན་གྱི་སྨན་བཅོས་བསྐྱར་མ་དང་ལེན་བྱས་པ་རེད། ནན་ཅིང་གི་རིགས་གཅིག་མཁས་ཅན་གྱིས་ཁོ་པར་གཤགས་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་ལུགས་བརྗོད་སྐབས་ནང་མི་ཚང་མ་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་རིགས་གཅིག་མཁས་ཅན་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ནད་པའི་ཁྱིམ་བདག་གིས་གསར་འགོད་པར་ང་ཚོ་ཕྲུ་གུ་དང་མཉམ་དུ་ནན་ཅིང་དུ་རིན་མེད་ཀྱི་གཤགས་བཅོས་བྱེད་པར་བསྐྱོད་པ་ཡིན། དེའི་རིང་སྨན་པའི་སྨན་བཅོས་ལག་རྩལ་ཡིན་ནའང་འདྲ། ཡང་ན་སྨན་ཁང་གི་ཞབས་ཞུ་ཡིན་ནའང་འདྲ་ཚང་མ་ཧ་ཅང་ཡག་པོ་འདུག་པས་ང་ཚོར་གཉེན་ཉེ་ལྟར་གཅེས་སྐྱོང་བྱེད་པའི་མྱོང་ཚོར་ཟབ་མོ་བྱུང་། བསྐྱར་མ་བྱེད་དགོས་པའི་བརྡ་ཐོ་འབྱོར་ནས་དེ་རིང་བརྟག་དཔྱད་བྱས་པ་བརྒྱུད་ཕྲུ་གུ་དྲག་སྐྱེད་ཡག་པོ་བྱུང་ཐོག་སྨན་མུ་མཐུད་གཏོང་མི་དགོས་ཞེས་པའི་གསུངས་དེ་ཐོས་མ་ཐག་སེམས་ནང་དགའ་ཚོར་ཆེན་པོ་བྱུང་། སླར་ཡང་རིགས་གཅིག་མཁས་ཅན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སེམས་གཅིག་སྦྲེལ་འདུ་འགོད་ནི་2014ལོར་བཙུཊ་ཚུན་སྔ་རྗེས་སུ་ཤིན་ཅང་དང་། མཚོ་སྔོན། བོད་ལྗོངས། ཀུའེ་ཀྲོའུ། ཧྲན་ཤིས། ཨན་ཧུའེ། ཅང་སུའུ་ཡི་བྱང་རྒྱུད་སོགས་སུ་བསྐྱོད་དེ་ཁྱིམ་ཚང་དབུལ་པོའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་མི་དགོས་པར་སྐྱོབ་བཅོས་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོས་ནད་པ་གཅིག་ཡོད་པ་ཤེས་ཚེ་དེ་སྐྱོབ་བཅོས་བྱེད་པའི་རྩ་དོན་ལྟར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་བདེ་ཐང་སྦྱིན་ཡོད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 6 6 拉萨日报藏文 c191345.html 1 ཅང་སུའུ་ཡི་གཅིག་སེམས་གཅིག་སྦྲེལ་ཚོཊ་པ་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ་བསྐྱོད་ནས་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ལ་རིན་མེད་ངང་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་བ། /enpproperty-->