分享按钮

གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱིས་ཞབས་ཞུ་རྣམ་པའི་སྡེ་ཁུལ་གྱི་དཔེ་སྟོན་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)ལོ་འཁོར་མོར་རིན་པ་མི་དགོས་པར་ལྟོ་ཟ་ཆོག་གི་ཡོད། ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་ཁེ་ལས་ཀྱི་ལས་མི་སོགས་ཕྱི་ནས་ཡོང་བའི་ལྟོ་ཟ་མཁན་ལ་གཟིགས་སྐྱོང་རིན་གོང་གི་ལྟོ་ཟ་ཆོག་པའི་ཞབས་འདེགས་ཞུ་ཡི་ཡོད། སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་བཙུགས་པ་དེས་གྲོང་མི་ཚོར་སྡེ་ཁུལ་གྱི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་ཐུབ་པར་མ་ཟད། སྡེ་ཁུལ་གྱི་ཨུ་ལྷན་གཉིས་ཀྱིས་ཟ་ཁང་སྤྱད་དེ་ཏང་གི་སྲིད་ཇུས་སྒྲོག་འགྲེལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་བསྡུ་རུབ་བྱེད་པ། འགལ་བ་དང་རྩོད་གཞི་སེལ་བ་བཅས་ཀྱི་ཐད་འཐབ་ས་གསར་པ་བཏོད་ནས་གཞི་རིམ་བཅོས་སྐྱོང་དེ་དམངས་སེམས་དང་དེ་བས་ཉེ་བཅར་དང་དམངས་ཀྱི་འདོད་བློ་དང་དེ་བས་མཐུན་པ་ཞིག་ཡོང་བར་བྱས་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་གྱི་གྲོང་མི་བསོད་ནམས་གཡུ་སྒྲོན་གྱིས་ད་ཆ་སྒོ་རྩར་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་བཙུགས་ཡོད་པ་དེའི་བཟའ་བཅའི་འཚོ་བཅུད་སྙོམས་པ་དང་ཞག་ཚིལ་ཉུང་བས་ང་ཚོ་རྒན་རྒོན་གྱི་འཚོ་བར་སྟབས་བདེ་པོ་བྱུང་། སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་དེ་བས་ལེགས་སུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

སྡེ་ཁུལ་གྱི་ཁྱིམ་ལས་ཁོ་ན་བྱེད་མཁན་ཨ་མ་ཁྱིམ་ནས་ཐོན་ཏེ་རང་ངོས་ཀྱི་འཇོན་ཐང་དང་ལེགས་ཆ་འདོན་སྤེལ་བྱས་ནས་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ལྕག་བྱ་ཆེད། འདི་ལོའི་ཟླ་8པར། གླིང་སྟོད་སྡེ་ཁུལ་གྱིས་ད་དུང་ཞབས་ཞུའི་ལས་སྟེགས་ཧུར་ཐག་བཏོད་ནས་ཞའོ་ཡན་ལས་དོན་ཁང་བཙུགས་ཤིང། གཙོ་བོ་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་ཡི་ཡོད། མིག་སྔར། ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་100ལྷག་ཙམ་ཕྱིར་ཚོང་བྱས་པ་དང་བུད་མེད་16ལ་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་གྱི་གྲོང་མི་གོར་ཆུང་གིས་དེ་སྔ་ལས་ཀ་མེད་ལ་ཡོང་འབབ་ཀྱང་མེད། ལས་དོན་ཁང་དུ་སླེབས་རྗེས་ལག་རྩལ་ཤེས་པར་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་སོང་། འདི་གར་རང་ཉིད་ཀྱི་ཁྱིམ་དང་ཡང་བར་ཐག་ཉེ་པོ་ཡོད་པས་ཁྱིམ་ཚང་ལ་ལྟ་རྟོག་ཡག་པོ་བྱེད་ཐུབ་ཀྱི་འདུག་ཅེས་བཤད།

ཞའོ་ཡན་ལས་དོན་ཁང་གི་འགན་འཁུར་བ་ནི་གླིང་སྟོད་སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ཡན་ཡིན་པ་དང་། ཁོང་ནི་ཨ་ཅག་ལུང་ལགས་ཀྱི་ཁེ་དབང་སྲུང་སྐྱོང་eས་ཚིགས་ཀྱི་འགན་འཁུར་བ་ཞིག་རེད། འབྱུང་རྩ་ནས་གནད་དོན་ཐག་གཅོད་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད། འདི་ལོ་གླིང་སྟོད་སྡེ་ཁུལ་གྱིས་ཨ་ཅག་ལུང་ལགས་ཀྱི་ཁེ་དབང་སྲུང་སྐྱོང་eས་ཚིགས་ཀྱི་སྒོ་བྱང་བཀལ་ནས་བཙུགས་ཤིང་། eས་ཚིགས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཁྲིམས་འཛིན། སྡེ་ཁུལ། ཉེན་རྟོག་ལས་དོན་ཁང་བཅས་མཉམ་ཤུགས་ཀྱི་འདུམ་འགྲིག་ཆེན་པོའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། བུད་མེད་དང་བྱིས་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་ཀྱི་ཡོད། ཨ་ཅག་ལུང་ལགས་ཀྱི་ཁེ་དབང་སྲུང་སྐྱོང་eས་ཚིགས་ཀྱི་སྒོ་བྱང་བཀལ་བ་ནས་བཙུགས་ཚུན། འགལ་བ་དང་རྩོད་གཞི་8འདུམ་འགྲིག་བྱས་པ་དང་། དྲིལ་བསྒྲགས་བྱེད་སྒོ་10ལྷག་ཙམ་སྤེལ་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད་པ་རེད། ཝང་ཞའོ་ཡན་གྱིས་རྗེས་མར་ང་ཚོས་རིམ་སྤེལ་བྱེད་སྒོ་ཧུར་ཐག་སྤེལ་ནས་བུད་མེད་གསོ་སྦྱོང་བྱས་པ་བརྒྱུད་བུད་མེད་ཀྱི་རྩལ་ནུས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་དུས་མཚུངས། བུད་མེད་ཀྱི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་དང་རྩོད་གཞི་འདུམ་འགྲིག་གི་ལས་དོན་ཡག་པོ་སྒྲུབ་པ་སོགས་བྱས་ཏེ། བུད་མེད་རྣམས་གཞི་རིམ་བཅོས་སྐྱོང་ནང་རྒྱ་ཁྱབ་ངང་ཞུགས་སུ་བཅུག་ནས་སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་གི་ཆེད་དུ་རང་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྩིས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། གླིང་སྟོད་སྡེ་ཁུལ་གྱིས་ད་དུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཁང་བཙུགས་ནས་སྡེ་ཁུལ་གྱི་ལོ་ན་60ཡན་ཟིན་པར་མ་ཟད། ཡུན་རིང་རྨང་གཞིའི་ནད་གཞི་ཕོག་པའི་རྒན་རྒོན་111ལ་རྒན་རྒོན་གྱི་བདེ་ཐང་ཡིག་ཚགས་བཟོས་པ་དང་འབྲེལ་དུས་བཀག་ལྟར་ཁྱིམ་དུ་བདེ་ཐང་ཞིབ་དཔྱད་ཚད་ལེན་དང་འདྲི་རྩད་སྨན་བཅོས་ཀྱི་དང་བླངས་ཞབས་འདེགས་ཞུས་ནས་སྡེ་ཁུལ་གྱི་གྲོང་མི་ཚོས་ཁྱིམ་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སོགས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད། སྡེ་ཁུལ་དེ་བཙུགས་ཚུན། གྲོང་མིའི་དགོས་མཁོ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་ཞབས་ཞུའི་དགོས་མཁོར་དམ་འཛིན་ཞིབ་ཕྲ་བྱ་རྒྱུ་འགག་སྒྲོལ་དུ་བྱས་ཏེ། གསར་གཏོད་བྱེད་ཕོད་པ་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་པ་དང་། ཞིབ་ཚགས་ཅན་གྱི་དོ་དམ་དང་རང་གཤིས་ཅན་གྱི་ཞབས་ཞུ་བརྒྱུད་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་འཚོལ་ཞིབ་བྱས་ནས་རང་གྲོང་གི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཁྱད་ཆོས་ལྡན་པ་དང་། བཀྲག་མདངས་འཚེར་ས་ལྡན་པ། དཔེ་སྟོན་ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་ཝང་ཝུའེ་ཡིས་གླིང་སྟོད་སྡེ་ཁུལ་བཙུགས་ཚུན། ཁོངས་གཏོགས་ཁུལ་གྱི་དམངས་འཚོའི་གནད་དོན་སྣ་ཚོགས་30ཐག་གཅོད་བྱས་པ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་120ལྷག་ཙམ་འདུམ་འགྲིག་སོགས་བྱས་པ་རེད། གླིང་སྟོད་སྡེ་ཁུལ་གྱིས་བྱས་རྗེས་གསུམ་དང་ལེགས་སྐྲུན་གྱི་ལས་ཀའི་བསམ་ཕྱོགས་ལ་མུ་མཐུད་གཞིགས་ནས་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཞི་མཐུན་གྱི་སྡེ་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བྱས་ཏེ། བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱ་རྒྱུ་དང་། འབྲེལ་གཏུག་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་སྟངས་བརྒྱུད་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་མིའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུ་བཏོན་ནས་གཞི་རིམ་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 6 6 拉萨日报藏文 c191344.html 1 གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱིས་ཞབས་ཞུ་རྣམ་པའི་སྡེ་ཁུལ་གྱི་དཔེ་སྟོན་གསར་པ་བཏོད་པ། /enpproperty-->