ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་16ཉིན། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་འགྲན་བསྡུར་རང་གྲོང་དུ་འགོ་ཚུགས་པ་རེད།
གྲོང་སྤྱི་གཞོན་པ་ཀའོ་ཅུན་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ནི་2024ལོའི་སྐབས་ཉེར་གཅིག་པའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་གྱི་ཡན་ལག་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེའི་ནང་རྒྱལ་ཡོངས་ཀྱི་ལུས་རྩལ་པ་དང་། མཐོ་སློབ་ཀྱི་སློབ་མ། སྤྱི་ཚོགས་ཀྱི་འཐུས་མི་བཅས་མི་གྲངས་55ཞུགས་ཡོད་པ་རེད།
བྲག་འཛེག་ལུས་རྩལ་ནི་སྟོབས་ཤུགས་དང་། ཐབས་རྩལ། སྙིང་སྟོབས། བློ་གྲོས་བཅས་གཞི་གཅིག་ཏུ་འདུས་པའི་གསར་དར་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པས། དེར་སྤྱི་ཚོགས་ཀྱི་དོ་ཁུར་དང་གཞོན་ནུ་ལོ་ཆུང་གིས་དགའ་པོ་བྱེད་ཀྱི་ཡོད་པས།འདི་ནི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་དངོས་ལ་གྱུར་ཡོད། ད་ཐེངས་ཀྱི་བྲག་འཛེག་འགྲན་བསྡུར་གཉེར་བ་དེ་ནི་བྲག་འཛེག་ལུས་རྩལ་དང་ས་མཐོའི་ཁྱད་ལྡན་རི་ཁུལ་གྱི་ཕྱི་རོལ་ཡུལ་གྱི་ལུས་རྩལ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།བོད་ཀྱིས་ལུས་རྩལ་འགྲན་བསྡུར་འཁྲབ་སྟོན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཀྱང་ཡིན་པས། ཁྱད་ལྡན་སྤུས་རྟགས་ཀྱི་ལུས་རྩལ་འགྲན་བསྡུར་དང་ཕྱི་རོལ་ཡུལ་གྱི་ལུས་རྩལ་ཁུལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社