ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མེ་ཏོག་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་རེས་འཁོར་བདུན་པའི་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། དུས་ཚིགས་སུ་གྲོགས་པོ་མཉམ་འཛོམས་ཀྱིས་འགྲུལ་ཁུངས་ཁྲོམ་ར་རྒྱ་ཆེར་གཏོང་བ། ཚོགས་འདུ་དང་བྱེད་སྒོ་བརྒྱུད་དེ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བ། ལྷ་ས་གྲོང་ཁྱེར་དང་མེ་ཏོག་རྫོང་ས་གནས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད། ཟླ་11ཚེས་15ཉིན་མཛེས་པའི་མཐའ་མཚམས་ཀྱི་གྲོང་ཁྱེར།ཡིད་དུ་འོང་བའི་མེ་ཏོག་རྫོང་ཞེས་པའི་2024ལོའི་དགུན་དུས་སུ་མེ་ཏོག་རྫོང་དུ་ཡུལ་སྐོར་བྱེད་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།
འོས་སྦྱོར་ཚོགས་འདུ་དེ་མོན་པ་དང་ལྷོ་པ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཞབས་བྲོའི་ཁྲོད་འགོ་ཚུགས་ཡོད། སྙན་འཇེབས་ལྡན་པའི་གླུ་སྒྲ་དང་ལྡེམ་ཞིང་འཁྱུག་པའི་སྟངས་སྟབས་དང་བསྟུན་ནས་བོད་ཀྱི་ལྷོ་རྒྱུད་ས་ཁུལ་གྱི་ཞབས་བྲོའི་ཉམས་སྣང་མངོན་པ་དང་། མོན་པ་དང་ལྷོ་པའི་བུ་ཕྲུག་ཚོས་ཕྱོགས་ཁག་གི་སྐུ་མགྲོན་རྣམས་ལ་དགུན་དུས་མེ་ཏོག་རྫོང་དུ་ཡུལ་སྐོར་བྱེད་པར་ཡོང་རྒྱུའི་རེ་བ་བྱེད་པའང་མཚོན་པར་བྱས་ཡོད། བོད་ལྗོངས་གླུ་གར་ཚོགས་པས་ཀྱང་འཁྲབ་སྟོན་བྱས་ཡོད་ཅིང་། དེ་ནི་ལྷ་ས་གྲོང་ཁྱེར་དང་མེ་ཏོག་རྫོང་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་ཤིག་ཡིན་ལ་ས་གནས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་མ་ཐེབས་ཡོད་པ་རེད།
ཚོགས་འདུའི་ཐོག་མེ་ཏོག་རྫོང་གི་ཡུལ་སྐོར་འོས་སྦྱོར་གཞུང་ཚབ་ཆེན་མོ་བ་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འཐུས་མིས་དགུན་དུས་སུ་མེ་ཏོག་རྫོང་དུ་ཡུལ་སྐོར་བྱེད་པའི་འབྱུང་ཁམས་ཀྱི་མཛེས་པ་དང་། མི་རིགས་ཀྱི་མཛེས་པ། མཐའ་མཚམས་ཀྱི་མཛེས་པ། མ་འཇོག་ལས་གཏོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་ཀྱི་ལེགས་ཆ། འགྲིམ་འགྲུལ་གྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ་སོགས་ཀྱི་ཐད་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དགུན་ཁ་འདིར་མེ་ཏོག་རྫོང་གིས་དགུན་དུས་སུ་མེ་ཏོག་རྫོང་དུ་ཡུལ་སྐོར་བྱེད་པའི་རིམ་སྤེལ་བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་ནས་མེ་ཏོག་རྫོང་གི་ཁྱད་ལྡན་ཡུལ་སྐོར་གྱི་ལམ་ཐིག་བཞི་གཙོ་གནད་དུ་བྱས་ཏེ་མེ་ཏོག་རྫོང་གི་ཐོན་ལས་དང་། གསར་བརྗེ། མཐའ་མཚམས་སྐོར་སྐྱོད་སོགས་ཀྱི་གཙོ་དོན་རྟོག་ཞིབ་དང་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་མུ་མཐུད་གཏོད་རྒྱུ་དང་།མེ་ཏོག་རྫོང་གི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་དང་། མཚན་སྙན། ཤུཊ་རྐྱེན་བཅས་ཆེ་རུ་གཏོང་རྒྱུ། མཛེས་པའི་མཐའ་མཚམས་ཀྱི་གྲོང་ཁྱེར།ཡིད་དུ་འོང་བའི་མེ་ཏོག་རྫོང་ཞེས་པའི་སྤུས་རྟགས་ཀྱི་ནང་དོན་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
མེ་ཏོག་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཀྲུའུ་ཡིས་འདི་ལོ་མེ་ཏོག་རྫོང་གིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་ཡུལ་སྐོར་གྱི་གྲགས་ཅན་རྫོང་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ།ཡུལ་སྐོར་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། བཟའ་བཏུང་དང་། ཞག་སྡོད། རླངས་འཁོར་འཇོག་ས། འགྲིམ་འགྲུལ་སོགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社