ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།འདི་ལོ་ནས་བཟུང་།སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་སྙེ་མོ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས(སྙེ་མོ་རྫོང་རྫོང་གྲོང་དོ་དམ་ཅུས)ཀྱིས་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། དམིགས་ཚད་ཀྱི་ཁ་ཕྱོགས་དང་གནད་དོན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།སྤྱི་འདོམས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་སྐུལ་འདེད་གཏོང་བ།གཙོ་གནད་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།
སྙེ་མོ་རྫོང་གི་དེ་སྔའི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་དུས་ཡུན་རིང་པོ་སོང་ཞིང་།འཛུགས་སྐྲུན་གྱི་ཚད་གཞི་དམའ་བ་དང་ཆར་ཆུ་དང་ཆུ་མཁོ་སྤྲོད་ཀྱི་ས་འོག་མདོང་དྲ་རྙིང་པར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པར་མ་ཟད།ས་འོག་གི་གློག་ཤུགས་མདོང་དྲ་ཆེན་པོ་མེད་པའི་ཞན་ཆ་ཡོད་པར་བརྟེན་སྙེ་མོ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་ཡོད་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད། སྙེ་མོ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས(སྙེ་མོ་རྫོང་རྫོང་གྲོང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀའོ་ཅུན་ཀྲོའུ་ཡིས་སྙེ་མོ་རྫོང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རང་རྫོང་གིས་རྣམ་གྲངས་ཇུས་འགོད་བྱས་ཏེ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་14ཙམ་བཏང་བ་དང་།2024ལོར་ཕྱོགས་མང་པོའི་ཐད་ནས་མ་དངུལ་སྒོར་དུང་ཕྱུར་3.78བརྩོན་ལེན་བྱས་ཏེ་རྫོང་གྲོང་གི་ཆུ་མཁོ་འདོན་དང་།མདོང་ལམ།མི་དམངས་སྤྱི་གླིང་།རྫོང་གྲོང་གི་རྣམ་པ་ལེཊ་གཏོང་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཡོད་ཅེས་བཤད།
ཉེ་ཆར།གསར་འགོད་པ་སྙེ་མོ་རྫོང་མི་དམངས་ལམ་དང་།བདེ་སྐྱིད་ལམ།པ་སྒོར་ལམ།ཟངས་རི་ལམ་སོགས་ལམ་དུམ་བུར་སྐྱོད་སྐབས་སྐྱ་མདོག་གི་ཨར་འདམ་ལམ་དེ་གཙང་ལ་ལྟ་སྣང་དོད་པའི་སྣུམ་ནག་ལམ་དུ་གྱུར་ཡོད་པ་མཐོང་བྱུང་།ད་ཆ་ལམ་ངོས་ཁོད་སྙོམས་ཤིང་ཁ་གསལ་བའི་ལམ་ཐིག་གིས་འགྲོ་འོང་ལ་སྔར་བས་སྟབས་བདེ་དང་སྔར་བས་སྐྱིད་སྣང་དོད་པའི་མྱོང་ཚོར་བཏོད་དེ་སྙེ་མོ་རྫོང་གི་རྫོང་ཁོངས་ཧྲིལ་པོའི་གཟུགས་བརྙན་ལེགས་སུ་ཕྱིན་ཡོད་པ་རེད།
ཚོང་པ་ཀྲང་མའེ་ཡིས་ང་ཚོའི་རྫོང་གྲོང་གི་ལམ་བུར་ཐལ་མདོག་གི་ཨར་འདམ་ནས་སྣུམ་ནག་ཏུ་སྒྱུར་བཀོད་བྱས་པས་འགྲོ་འོང་བྱེད་མཁན་དེ་བས་སྟབས་བདེ་རུ་ཕྱིན་པར་མ་ཟད།ཚོང་དུད་ཀྱི་སྒོ་བྱང་གཅིག་གྱུར་འཆར་འགོད་ཀྱང་བྱས་ཡོད་པས་དེ་སྔ་དང་བསྡུར་ན་གྲལ་འགྲིག་ལ་ལྟ་སྣང་དོད་པ་དང་ཚོང་རྒྱག་པར་ཡང་སྣང་བ་སྐྱིད་པོར་གྱུར་ཡོད་ཅེས་བཤད།
སྙེ་མོ་རྫོང་གི་རྫོང་གྲོང་དུ་སྐྱོད་སྐབས། འཛུགས་སྐྲུན་དངོས་པོ་ཚང་མའི་ཕྱི་ངོས་ལ་བཟོ་ལྟ་གསར་པའི་མཛེས་རྒྱན་སྤྲས་པ་དང་།ཚོང་ཁང་གི་སྒོ་བྱང་གི་བཟོ་དབྱིབས་གཅིག་གྱུར།འཛུགས་སྐྲུན་དངོས་པོའི་མཚོན་རྟགས་སླར་ཡང་མངོན་པ་བཅས་བྱུང་ནས་དེ་སྔའི་སྲོལ་རྒྱུན་གྱི་སྐྲུན་དངོས་ཀྱི་གྲུབ་ཆ་རང་སོར་བཞག་ཡོད་ལ་དེང་རབས་ཀྱི་ཁྱད་ཆོས་ཀྱང་མངོན་པར་མ་ཟད།བོད་བཟོའི་ཁྱད་ཆོས་དེ་བས་ཀྱང་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིཊ་ན།སྙེ་མོ་རྫོང་གིས་ད་དུང་རྫོང་གྲོང་གི་གྲོང་དོན་འགྲོ་ལམ་སྔོ་འགྱུར་ཁུལ་བཅོས་སྒྲིག་དང་སྒྱུར་བཀོད་ཀྱི་རྣམ་གྲངས་དང་།རྫོང་གྲོང་གི་གྲོང་ཁྱེར་གྱི་འགྲོ་ལམ་གློག་སྒྲོན་བཅོས་སྒྲིག་དང་སྒྱུར་བཀོད་ཀྱི་རྣམ་གྲངས།སྙེ་མོ་མ་ཆུའི་སྙེ་མོ་རྫོང་གྲོང་དུམ་བུའི་སྐྱེ་ཁམས་སླར་གསོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་བཅས་བརྩོན་ལེན་ཧུར་ཐག་བྱས་ནས་སྙེ་མོ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
ཀའོ་ཅུན་ཀྲོའུ་ཡིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད།རང་རྫོང་གི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པས།རྫོང་གྲོང་དུ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་ཐོན་ཡོད།སླད་ཕྱིན།རང་རྫོང་གིས་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་གཉེར་དང་།འཚོ་སྡོད།སྤྲོ་སྐྱིད།ཡུལ་སྐོར་བཅས་དང་འཚམ་པའི་ཁོར་ཡུག་བཟང་པོ་བཏོད་དེ་གྲོང་ཁུལ་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད་ཅེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
པར་འདི་ནི་རིམ་སྤོར་དང་སྒྱུར་བཀོད་བྱས་རྗེས་ཀྱི་རྣམ་པ་གསར་པར་གྱུར་པའི་ལམ་ངོས་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社