ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་ཐང་མགོ་གྲོང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་དཔུང་ཁག ཏང་ཡོན་ཁག་གཅིག་དང་དེ་བཞིན་ཞིང་འབྲོག་མང་ཚོགས་བཅས་ཁྱོན་མི་གྲངས་100ལྷག་ཙམ་སྒྲོག་འགྲེལ་ནང་ཞུགས་ཡོད་པ་རེད།
སྒྲོག་འགྲེལ་ཚོགས་འདུའི་ཐོག་སྒྲོག་འགྲེལ་པ་བརྩོན་འགྲུས་ཀྱིས་མིག་སྔའི་ཐང་མགོ་གྲོང་ཚོའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དེས་གྲོང་གསེབ་དར་རྒྱས་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ཡུལ་མིའི་བདེ་སྐྱིད་འཚོ་བ་འགན་ལེན་བཅས་ཀྱི་གལ་ཆེའི་རང་བཞིན་རྒྱས་བཤད་བྱས་པ་དང་འབྲེལ།ཚང་མར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མི་རིགས་མཐུན་སྒྲིལ་ལག་བསྟར་བྱས་ནས་ལག་གདང་སྦྲེལ་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་སྐུལ་ལྕག་ཀྱང་བྱས་ཡོད་པ་རེད། ཚང་མས་ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས། འབྲེལ་ཡོད་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་དེ་བྱ་སྤྱོད་དངོས་སུ་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཚོགས་འདུ་གྲོལ་རྗེས། ཏང་ཡོན་རྒན་གྲས་ཚེ་རིང་ཆོས་འཕེལ་གྱིས་ད་ཐེངས་ཀྱི་སྒྲོག་འགྲེལ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་། ང་ཚོས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྙིང་སྟོབས་དེ་རིགས་རྒྱུན་འཛིན་བྱས་ནས་གཞོན་ནུ་མི་རབས་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད། སླད་ཕྱིན། ཐང་མགོ་གྲོང་ཚོས་རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་ནས་གྲོང་མི་ཚོའི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་།གྲོང་ཚོ་ཡོངས་ཀྱི་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་མདུན་སྐྱོད་ཀྱིས་ཐང་མགོ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社