(པར་ངོས་དང་པོར་མཐུད)གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།ལྷ་ས་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་སྒྱུར་བཅོས་ལས་འགན་ཁག་གསུམ་ལེགས་སྒྲུབ་བྱས་པ་སྟེ།གཅིག་ནི་རྒྱང་རིང་ཡུལ་གཞན་གྱི་ཚད་གཞིར་དཔྱད་བསྡུར་བྱ་རྒྱུ་དེ་ཡིན་ཞིང་།ཅང་སུའུ་ཞིང་ཆེན་དང་མཉམ་ལས་བྱས་ནས་རྒྱང་རིང་ཡུལ་གཞན་གྱི་ཚད་གཞིའི་ལས་དོན་གཉིས་ལེགས་སྒྲུབ་བྱས་པ་དང་།ཉོ་ཚོང་དངུལ་འབོར་སྒོར་ཁྲི་441ཟིན་པ་དང་།གཉིས་ནི་དུས་ཐེངས་གསུམ་གྱི་ཞིབ་དཔྱད་ཁག་དབྱེའི་སྤུས་རྟགས་ཚོད་ལྟའི་ལས་དོན་སྤེལ་ནས་ཉོ་ཚོང་དངུལ་འབོར་སྒོར་ཁྲི་1050ཟིན་པ།གསུམ་ནི་ཟླ་5ཚེས་1ཉིན་གྱི་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་རིག་ནུས་ཅན་གྱི་དཔྱད་བསྡུར་བྱས་ནས་ཉོ་ཚོང་བྱེད་ཚད་78ཟིན་པ་དང་།ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་18.84ཟིན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མེ་ཀྲུང་ལིན་གྱིས་ང་ཚོའི་ཉོ་ཚོང་ཞབས་ཞུའི་ལས་ཀའི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལས་དོན་ཁག་གཉིས་བཀོད་སྒྲིག་གནང་ཡོད་པ་སྟེ། གཅིག་ནི་ལས་རིགས་ཁག་གི་འོས་སྐུལ་ཡིག་ཆ་བཟོ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་།གཉིས་ནི་ལས་གྲྭའི་ཁྱབ་ཁོངས་ཚང་མའི་འོས་སྐུལ་གྱི་ལས་གྲྭའི་ལས་འབོར་གྱི་རྩིས་ཁྲ་བཟོ་བའི་བློ་འདྲིའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཡིན།ཧྲུའུ་ཅི་ཤའོ་ལགས་ཀྱི་མཛུབ་སྟོན་དགོངས་དོན་གཞིར་བཟུང་།ཕྱིས་འབྱུང་།ང་ཚོས་ཉོ་ཚོང་ཞབས་ཞུའི་འགན་ནུས་ལ་གཞི་ཚུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་ལྟ་སྐུལ་དོ་དམ་སྡེ་ཚན་གདན་དྲངས་ཏེ་འོས་སྐུལ་ཡིག་ཆ་མཉམ་འབྲེལ་དང་གཅིག་གྱུར་ཚད་ལྡན་ཡོང་བར་བྱེད་པ་དང་འབྲེལ།ལས་གྲྭའི་ལས་འབོར་གྱི་རྩིས་ཁྲའི་བློ་འདྲིའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་པ་དང་།འོས་སྐུལ་ཞབས་ཞུའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་ཧུར་ཐག་བྱས་ཐོག་གྲོང་ཁྱེར་ཡོངས་ཀྱི་འོས་སྐུལ་བ་ཁག་དང་ལས་རིགས་ཚན་པ་ཁག་ལ་སྔར་བས་ལེགས་པའི་བློ་འདྲིའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
སྲིད་དོན་ཞབས་ཞུ་ལྟེ་གནས་ནི་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱི་དམངས་ཕན་ཞབས་ཞུའི་སྐར་ཁུང་ཞིག་དང་།སྲིད་གཞུང་དང་མང་ཚོགས་དབར་འབྲེལ་གཏུགས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་ལ་གཉེར་སྐྱོང་གི་ཁོར་ཡུག་ལེགས་སུ་གཏོང་བའི་འཐབ་ས་མདུན་མའང་ཡིན།དམངས་བདེ་དང་ཁེ་ལས་ལ་ཕན་པའི་སྲིད་དོན་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད།ན་ནིང་གི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་།ལྷ་ས་གྲོང་ཁྱེར་མ་འཇོག་རྣམ་གྲངས་མཉམ་འབྲེལ་ཞིབ་མཆན་འགོད་པའི་ལྟེ་གནས་བཙུགས་པ་དང་། རྗེས་སུ་མ་འཇོག་རྣམ་གྲངས་གཅིག་འཐུས་རྣམ་པའི་ཞིབ་མཆན་སྤུས་རྟགས་བཏོད་དེ་མ་འཇོག་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་།མ་འཇོག་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་བཏང་བ།ཚོང་གཉེར་གྱི་མ་འཇོག་ལས་གཏོད་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ།བརྒྱུད་རིམ་ཧྲིལ་པོར་གཞོགས་འདེགས་ཞབས་ཞུ་གཉེར་བ་བཅས་བྱས་པ་དང་།ཁེ་ལས་ཀྱིས་ཐེངས་གཅིག་ཀྱང་རྒྱུག་མ་དགོས་པར་སྐར་ཁུང་གཅིག་ནས་ལས་དོན་ཚང་མ་གཉེར་ཐུབ་པ་མངོན་འགྱུར་བྱུང་ཡོད།
ལྷ་སའི་རིམ་གསུམ་སྲིད་དོན་ལྟེ་གནས་སུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱི་ལས་དོན་པ་ཀྲུའུ་ཀྲི་ཀང་གིས་སླད་ཕྱིན་ང་ཚོ་དེའི་ནང་ཞུགས་མཁན་ཚན་པ་ཡོངས་ཀྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཞིབ་བཤེར་མཆན་འགོད་ལམ་ལུགས་ཁྲོད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཚོད་འཛིན་བྱེད་པའི་གནད་དོན་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ་དང་།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ།གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྷ་སའི་རིམ་གསུམ་སྲིད་དོན་ལྟེ་གནས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཞིབ་མཆན་འགོད་པའི་ལྷུ་ཚིགས་སྔར་བས་ཁུ་བསྡུ་དང་།ཞིབ་མཆན་འགོད་པའི་དུས་ཚད་ཉུང་དུ་གཏོང་བ།ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ།རྣམ་གྲངས་ཀྱི་ཞིབ་མཆན་ལེགས་སུ་གཏོང་བ་དང་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གཉེར་སྐྱོང་གི་ཁོར་ཡུག་དེ་བས་ལེགས་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社