分享按钮

སྒྱུར་བཅོས་ལ་བརྟེན་ནས་ལྷ་སའི་འཛུཊ་སྐྲུན་གྱི་གསོན་ཤུཊ་འཕེལ།སྲིད་དོན་ཞབས་ཞུ་ཡི་ཁྱོན་ཡོངས་ ཀྱི་ཆུ་ཚད་གོང་མཐོར་གཏོང་།

ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལ་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་12ཉིན།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སུ་ཕེབས་ཏེ་བརྟག་ཞིབ་གནང་ཞིང་།ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་རང་འགུལ་ངང་ཇུས་འགོད་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཡོད།ཚང་མས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་།གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ།སྒྱུར་བཅོས་གཏིང་ཟབ་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་ལེགས་ནུས་ཆེའི་སྲིད་དོན་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

འདི་ལོ་ནས་བཟུང་།ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་དུས་ཚད་ཉུང་གཏོང་དང་། འགྲོ་སྐྱོད་ཉུང་གཏོང་། ལྷུ་ཚིགས་ཉུང་གཏོང་།བརྒྱུད་རིམ་ཉུང་གཏོང་བཅས་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་།ཞིབ་མཆན་གྱི་འགྲོ་ལུགས་ཁུ་བསྡུ་དང་དམངས་ལ་སྟབས་བདེ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་།འདི་ལོ་ནས་བཟུང་ཁྱོན་གཞི་རིམ་གྱིས་འབྲི་དགོས་པའི་ངོ་སྤྲོད་དཔྱད་གཞི་ཁག་62ཁུ་བསྡུ་བྱས་པ་རེད།ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།སྐར་ཁུང་བཀོད་སྒྲིག་ལེགས་སུ་གཏོང་བ།ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ།ཞབས་ཞུའི་འདུ་ཤེས་གསར་གཏོད་བྱེད་པ།ལས་སྒོའི་བྱང་ཚད་མཐོ་རུ་གཏོང་བ།སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་།ལུགས་མཐུན་ཅན།སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཉེར་སྐྱོང་གི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་ཡོད།དེས་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་ཕྱིས་འབྱུང་གི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སྲིད་འཛིན་ཞིབ་མཆན་ཁོའོ་ཡི་ཁོའོ་ཀྲང་ཁྲེན་ཤིན་ཡུས་ཀྱིས་སླད་ཕྱིན་ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སུ་བརྟག་ཞིབ་གནང་སྐབས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཚོད་ལྟའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།ཞིབ་མཆན་འགོད་པའི་བརྒྱུད་རིམ་མུ་མཐུད་ལེགས་སུ་གཏོང་བ།ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ།ཞིབ་མཆན་འགོད་པའི་དུས་ཚད་ཐུང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་བཤེར་ཆོག་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་རིམ་པ་གཉིས་པའི་ཚན་པ་ཞིག་ཡིན་ཞིང་།སྣེ་གཅིག་སྲིད་གཞུང་དང་འབྲེལ་བ་དང་། སྣེ་གཞན་ཞིག་ཁྲོམ་ར་དང་འབྲེལ་ཡོད།སྤྱི་པའི་ཐོན་ཁུངས་ཉོ་ཚོང་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་རེད།འདི་ལོ་ཤར་ཚུན།གྲོང་ཨུད་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལ་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་བ། 6 6 拉萨日报藏文 c191337.html 1 སྒྱུར་བཅོས་ལ་བརྟེན་ནས་ལྷ་སའི་འཛུཊ་སྐྲུན་གྱི་གསོན་ཤུཊ་འཕེལ།སྲིད་དོན་ཞབས་ཞུ་ཡི་ཁྱོན་ཡོངས་ ཀྱི་ཆུ་ཚད་གོང་མཐོར་གཏོང་། /enpproperty-->