分享按钮

སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་གྱིས།

གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱིས་ཞབས་ཞུ་རྣམ་པའི་སྡེ་ཁུལ་གྱི་དཔེ་སྟོན་གསར་པ་བཏོད་པ།

གསོན་ཤུགས་ཀྱིས་ཁེངས་པའི་སྡེ་ཁུལ་གསར་པ་ཡིན་པའི་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གླིང་སྟོད་སྡེ་ཁུལ་དེ་2023ལོའི་ཟླ་6པར་བཙུཊ་ཚུན། ཞབས་ཞུ་ཡོངས་ཁྱབ་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་གྱི་བླང་བྱ་དང་ལེན་ཧུར་ཐག་བྱས་ཏེ། བྱས་རྗེས་གསུམ་དང་ལེགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ནས211དང987སོགས་གྲངས་འཛིན་གྱི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་རང་བཞིན་གྱི་ཐོག་ནས་སྤྱད་དེ་གྲོང་མི་ཚོར་སྒོ་རྩ་ནས་སྙིང་ཉེ་དང་སྟབས་བདེ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་། བཅོས་སྐྱོང་སྔར་བས་གནད་ལ་འཕིགས་པ། ཞབས་ཞུ་སྔར་བས་ནུས་པ་ཆེ་བ་བཅས་མངོན་འགྱུར་བྱུང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་འགྲོ་བའི་འཐབ་ཇུས་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་བ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གླིང་སྟོད་སྡེ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1.15ཡོད་པ་དང་། སྡེ་ཁུལ་དང་། ཁེ་ལས། ཚོང་དུད་བཅས་མཉམ་བསྲེས་རྣམ་པའི་སྡེ་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཕྱོགས་བསྡུས་དྲ་མིག་11དང་ཆེད་གཏོགས་དྲ་མིག་4ལ་དབྱེ་ཡོད། 211གི་ལས་ཀ་བྱེད་ཐབས་འཚོལ་ཞིབ་ཐུབ་པ་དང་། དྲ་མིག་ཞིབ་ཚགས་ཅན་གྱི་དོ་དམ་འཛུགས་སྐྱོང་བྱས་པ་སྟེ། 2ཞེས་པ་དེ་དཔེ་རིས་གཉིས་ཡིན་ཞིང་། སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་མཚོན་བྱེད་དཔེ་རིས་དང་། 987(གནས་ཁུལ་ཆུང་བ་9དང་། ཕྱོགས་བཞི་མཚམས་8ཀྱི་སྐུ་མགྲོན། མཛོད་ཁང་རིགས་7)གྱི་དམངས་འདུན་དཔེ་རིས་ལ་ཟེར། 1ནི་རྩིས་ཐོ་གཅིག་ཡིན་ཞིང་། དེ་ནི་དྲ་མིག་ཅན་གྱི་ལག་ཤེས་རྩིས་ཐོ་ཡིན་པ་དང་། 1གཉིས་པ་ནི་བཀོད་ཇུས་གཅིག་ཡིན་ཏེ། སྡེ་ཁུལ་གྱི་ལག་ཤེས་བཟོ་རྩལ་གྱི་ཏང་འཛུགས་སྐྱོང་བཀོད་ཇུས་ལ་ཟེར། གླིང་སྟོདeས་ཚིགས་བཙུགས་པའི་ནང་། སྲིད་དོན་དང་ཉེན་དོན་གཞི་གཅིག་ཅན་གྱི་གཞུང་དོན་བསྒྲུབ་རྒྱུ་ཚུད་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་ཚབ་སྒྲུབ་ཚབ་རྒྱུག་ཞབས་ཞུ་མཁོ་འདོན་བྱེད་པ། དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི་ཞབས་ཞུའི་མྱུར་ཚད་ལ་བརྟེན་ནས་འགོ་བཙུགས་ཚེ་བརྒྱུད་རིམ་ཧྲིལ་པོར་སེམས་ཁྲལ་མེད་པ་མངོན་འགྱུར་ཐུབ་ཡོད། ཚོང་དུད་ཧྲའོ་ཡིའུ་ལིན་གྱིས་དེ་སྔོན་ང་ཚོའི་འདུན་པ་སྤྱིར་ན་སྡེ་ལས་ལ་ཞུ་ཡི་ཡོད་པས་འབྲེལ་ཡོད་ལས་སྒོ་གཉེར་སྐབས་སྟབས་བདེ་པོ་དེ་ཙམ་མེད། སྡེ་ཁུལ་བཙུགས་རྗེས་ཕྱོགས་གང་ཅིའི་ཐད་ཧ་ཅང་སྟབས་བདེ་བ་དང་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་ཧྲིལ་པོ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རླངས་འཁོར་འཇོག་སྟངས་ཚད་ལྡན་དུ་ཕྱིན་པ་དང་གཅིག་སྡུད་གློག་གསོག་ས་ཡོད་པར་བརྟེན་ང་ཚོའི་ཚོང་ཡང་སྔར་བས་ཡག་ཏུ་ཕྱིན་སོང་ཞེས་བཤད།

གླིང་སྟོད་eས་ཚིགས་ཀྱི་ཁ་སྤྲོད་ནི་འདི་ལོའི་ཟླ་4པའི་ནང་གླིང་སྟོད་སྡེ་ཁུལ་གྱིས་ཁྲོམ་གཞུང་གི་འབྲེལ་ཡོད་མ་དངུལ་གྱི་རོཊ་སྐྱོར་དང་སྡེ་ཁུལ་གྱིས་མ་དངུལ་གྲབས་གསོག་བྱས་པའི་བྱེད་ཐབས་བརྒྱུད་སྒོར་ཁྲི་35བཏང་སྟེ། སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་བཙུཊ་པ་ཞིག་ཡིན་ཞིང་། སྡེ་ཁུལ་དེའི་ལོ་ན་70ཡན་གྱི་རྒྱུན་སྡོད་རྒན་རྒོན་ཚོས་གནས་སྡོད་ལག་ཁྱེར་གཞིར་བཟུང་སྡེ་ཁུལ་དུ་རིན་པ་མི་དགོས་པར་ལྟོ་ཟ་ཆོག་པའིབྱང་བུ་གཉེར་ཆོག་པ་དང་།(པར་ངོས་གསུམ་པར་གཟིགས) པར་འདི་ནི་སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་གྱི་ཞའོ་ཡན་ལས་དོན་ཁང་གི་ཁོངས་མིས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-18 སྟོད་ལུང་བདེ་ཆེན་ཆུས་གླིང་སྟོད་སྡེ་ཁུལ་གྱིས། 6 6 拉萨日报藏文 c191336.html 1 གཞི་རིམ་བཅོས་སྐྱོང་གསར་གཏོད་ཀྱིས་ཞབས་ཞུ་རྣམ་པའི་སྡེ་ཁུལ་གྱི་དཔེ་སྟོན་གསར་པ་བཏོད་པ། /enpproperty-->