分享按钮

(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་མ་ཁ་ཡ་ཨུ་མཁའ་དམག་རྟེན་གཞིར་འབྱོར་སྐབས་ཕེ་རུའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཨ་ཏེ་ལི་ཨན་སེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། ས་གནས་དེ་གའི་སློབ་མས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་དང་རྒྱ་སྐད་ཀྱི་ཐོག་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། གུས་དམག་རྣམས་ས་གདན་དམར་པོའི་གཡས་གཡོན་གཉིས་སུ་ལངས་ནས་གུས་འདུད་ཞུས་པ་རེད།

ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཕེ་རུ་སྲིད་གཞུང་དང་ཕེ་རུ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་འཇགས་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་ཕྱིན་ཡོད།ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་པ་དང་མཉམ་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བརྟན་པོ་ཐེབས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ད་ཐེངས་ཀྱི་འཚམས་འདྲི་དེས་ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་ཐུབ་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་ཐུབ་རྒྱུའི་ཡིད་ཆེས་ཡོད། ངས་ཀྱང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུཊ་ནས་ཕྱོཊ་ཁག་དང་མཉམ་དུ་སྒོ་དབྱེའི་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་འཛུཊ་སྐྲུན་དང་། འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་བཅས་ཀྱི་ཆེད་དུ་ལེཊ་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་མཉམ་དུ་འབྱོར་ཡོད།

སྔོན་ལ་འབྱོར་ཟིན་པའི་ཤང་ཀང་དམིཊ་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཕེ་རུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་སུང་དབྱང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།

ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ། གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་སྐྱོད་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི། ས་གནས་དེ་གའི་དམངས་ཚོགས་བཅས་ཀྱིས་འགྲོ་ལམ་གཡས་གཡོན་དུ་དགའ་བསུ་ཞུས་པ་དང་། ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས“ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རུར་འཚམས་འདྲི་གནང་བ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ”ཞེས་དང“ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་བསྐལ་བརྒྱར་བརྟན་པར་ཤོག”ཅེས་པ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་དམར་པོ་མཐོན་པོར་བསྒྲེངས་ནས་རྔ་རྡུང་རོལ་དཀྲོལ་དང་ཞབས་བྲོ་སོགས་འཁྲབ་ནས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

པེ་ཅིང་ནས་ལི་མར་ཕེབས་པའི་ལམ་བར་དུ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་དེ་སི་ཕེན་གྱི་ཏ་ཅ་ན་ལི་གླིང་ཕྲན་དུ་བབས་ནས་ཏོག་ཙམ་བཞུགས་པ་དང་། ཅ་ན་ལི་རང་སྐྱོང་ལྗོངས་སུ་བཅའ་སྡོད་སི་ཕེན་ཀྲུང་དབྱང་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་སྐུ་ཚབ་དང་ས་གནས་དེ་གའི་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191106.html 1 /enpproperty-->