ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲང་ངར་ཆེ་བའི་དུས་ཚིགས་ནི་འབར་རླངས་སྤྱོད་མང་བའི་དུས་མཚམས་ཤིག་ཡིན་པས། ཁོངས་གཏོགས་ཁུལ་དུ་འབར་རླངས་བདེ་འཇགས་ལས་འཛོལ་ཐོན་རྒྱུར་སྔར་བས་དོགས་ཟོན་བྱ་ཆེད། ཉེ་ཆར། ལྷ་ཀླུ་སྡེ་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་དུ་འབར་རླངས་བདེ་འཇགས་ཀྱི་སྲུང་སྐྱོང་བྱ་སྤྱོད་སྤེལ་ཞིང་།དམངས་ལ་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་ནས་སྒོར་39060སྤྱད་དེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁྱིམ་དུ་འབར་རླངས་ཀྱི་ཕུ་དོན་པའི་ཉེན་གཏོང་ཡོ་ཆས་སྒྲིག་སྦྱོར་བྱས་པས།བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོཊ་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འགན་ལེན་བྱས་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ཀླུ་སྡེ་ཁུལ་ཁོངས་གཏོགས་ནང་བོགས་གཏོང་ཁང་པ་ཅུང་མང་པོ་ཡོད་པས།ཁྱོན་ཡོངས་ནས་ཉེན་གཏོང་ཡོ་ཆས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཁྱིམ་དུ་ཁྱབ་པར་བྱ་ཆེད། སྡེ་ཁུལ་དེས་དྲ་མིག་གི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ།སེམས་དྲོད་ཀུང་སིའི་སྒྲིག་སྦྱོར་བཟོ་པ་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་སྒྲིག་སྦྱོར་གྱི་ལས་དོན་སྤེལ་བ་དང་། དུད་ཚང་930ལ་འབར་རླངས་ཀྱི་ཕུ་དོན་པའི་ཉེན་གཏོང་ཡོ་ཆས་སྒྲིག་སྦྱོར་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད།
གྲོང་མི་ལྷ་མོས།དེ་སྔོན་ཁྱིམ་དུ་འབར་རླངས་ཀྱི་བདེ་འཇགས་གནད་དོན་ལྷག་དོགས་ཀྱི་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ད་ཆ། སྡེ་ཁུལ་གྱིས་ང་ཚོར་འབར་རླངས་ཀྱི་ཕུ་དོན་པའི་ཉེན་གཏོང་ཡོ་ཆས་བསྒར་རོགས་བྱས་ཡོད།གལ་སྲིད་འབར་རླངས་ཀྱི་ཕུ་དོན་ཚེ་འཕྲལ་མར་ཉེན་གཏོང་ཡོ་ཆས་ནས་སྐད་གྲགས་ཀྱི་ཡོད་པས།ང་ཚོས་ཀྱང་འཕྲལ་མར་བྱ་ཐབས་སྤེལ་ཆོག་གི་ཡོད་ཅེས་བཤད།
ཉེན་གཏོང་ཡོ་ཆས་སྒྲིག་སྦྱོར་བྱས་པ་དང་དུས་མཚུངས་དྲ་མིག་གི་ལས་དོན་པས་ད་དུང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད།གྲོང་མིར་སོལ་རླངས་ཀྱི་ཕུ་དོན་པའི་གནོད་འཚེ་སྔོན་འགོག་བྱ་ཐབས་ཐད་ཀར་ཤེས་རྟོཊ་ཐུབ་པར་བྱས་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་དང་ལས་འཛོལ་སྔོན་འགོག་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社