(པར་ངོས་དང་པོར་མཐུད)
ཚོགས་འདུའི་ཐོག་བསྟན་དོན།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་གྱི་རླངས་འཁོར་གྱིས་འགྲོ་འོང་བྱེད་མཁན་ལ་བརྡུངས་པའི་གྱོད་གཞིར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་བསླབ་བྱ་གཏིང་ཟབ་བླངས་ཏེ།གཟབ་ནན་དང་། ཏན་ཏིག ཞིབ་ཅིང་ཕྲ་བ་བཅས་ཀྱི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ལས་དོན་ལེགས་པར་བསྒྲུབས་ཏེ།མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དྲ་མིག་ཅན་དང་གཉིས་ལྡན་དུད་སྦྲེལ་སོགས་གཞི་རིམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། “ས་གདན་རྣམ་པ”དང“ལེབ་བཤེར་རྣམ་པའི”རྒྱུན་རྣམ་ཅན་གྱི་ཐོག་ནས་སྤྱི་ཚོགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སེལ་བའི་ལས་དོན་སྤེལ་བ་བཅས་བྱས་ཏེ།ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འགལ་བ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་དང་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་སྔར་བས་ནན་དུ་གཏོང་བ་དང་མི་སྣ་འདུ་འཛོམས་མང་བའི་ཁུལ་དུ་རྒྱུན་གཏན་གྱི་སྐོར་གཡེང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།ཐོལ་བྱུང་གི་དོན་རྐྱེན་ཐོན་མ་ཐག་འཕྲལ་མར་དང་ལེན་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པའི་འགན་ལེན་བྱས་ནས་གྱོད་གཞི་ཚབས་ཆེན་མི་ཐོན་པའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་གནང་བའི་འབྲེལ་ཡོད་རྟེན་འབྲེལ་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ།ལྷ་སའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཁྲོད་དུ་དོན་འཁྱོལ་གནད་སྨིན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ།སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་རྩེར་སོན་མཐོ་སློབ་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་མིང་བྱང་ཆེན་པོ་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་ཐོན་ལས་ཀྱི་འཕར་གཞི་གསར་པ་རྒྱུན་མཐུད་སྔོག་འདོན་བྱས་ཏེ།རང་གྲོང་གི་ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། གསར་དར་ཁྱབ་ཁོངས་ནང་གི་ཏང་འཛུགས་སྐྱོང་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ་འགོ་ཁྲིད་ཀྱི་འགན་འཁྲི་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ལས་དོན་གྱི་སྤུས་རྟགས་ཁག་ཅིག་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ།རང་གྲོང་གི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན།ལས་ཞུགས་ནི་དམངས་འཚོའི་དོན་ཆེན་ཨང་དང་པོ་ཡིན་ལ་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ནི་དེ་བས་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་དང་ལྷག་པར་དུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་ཞན་ཆ་གསབ་ནས་ལས་ཞུགས་ཀྱི་གོ་སྐབས་འདང་ངེས་དང་། ལས་ཞུགས་ཀྱི་ཁོར་ཡུག་དྲང་སྙོམས། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སྒྲིག མི་དང་ལས་གནས་ཆ་སྒྲིག་དང་ལས་ཕྱོད་ཆེ་བ། ངལ་རྩོལ་འབྲེལ་བ་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་སྟེ།རང་གྲོང་གི་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ཐུབ་རྒྱུར་ཆ་རྐྱེན་དེ་བས་ལེགས་པ་གཏོད་པ་དང་འགན་ལེན་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གསར་གཏོད་རང་བཞིན་གཞན་སྒྱུར་དང་གསར་གཏོད་རང་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་སར་དོན་འཁྱོལ་བྱེད་དགོས། ཕོ་བྲང་པོ་ཏ་ལའི་ལོ་ངོ་40ཡི་རིང་མེ་སྐྱོན་ཅི་ཡང་མ་ཐོན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གངས་ལྗོངས་ས་མཐོའི་འོད་སྟོང་འཕྲོ་བའི་མུ་ཏིག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས། འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་འབད་འབུངས་མཉམ་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ།རང་གྲོང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།
ཚོཊ་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社