ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཚོའི་རྒན་རྒོན་ཚོར་ཆམ་རིམས་ཀྱི་ནད་དུག་མི་ཕོག་པ་དང་དགུན་དུས་ཀྱི་ཆམ་རིམས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཡུལ་མིའི་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་བྱ་ཆེད།ཟླ་11ཚེས་14ཉིན་གྱི་སྔ་དྲོར་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་གི་སྤྱི་འདོམས་བཀོད་སྒྲིག་འོག་རྒྱུད་རོང་གྲོང་ཚོར་བཅའ་སྡོད་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཐུན་སྦྱོར་དང་གྲོང་ཚོའི་སྨན་དོན་མི་སྣར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་གྲོང་ཚོ་དེའི་ལོ་60ཡན་གྱི་རྒན་རྒོན་ལ་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་པ་རེད།
ལས་དོན་དེ་བདེ་བླག་ངང་སྤེལ་རྒྱུར་གཞོགས་འདེགས་བྱ་ཆེད།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་དྲིལ་བསྒྲགས་སྒྲོམ་སྟེགས་དང་གྲོང་ཚོའི་སྐད་འཕྲིན་ཚོགས་པ་སོགས་ཆ་འཕྲིན་ལས་སྟེགས་བརྒྱུད་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་ཡུལ་མི་ཚོས་ཆམ་རིམས་ཀྱི་ཤེས་བྱ་དང་འབྲེལ་ཡོད་ཀྱི་ཚན་རིག་ཁྱབ་གདལ་དང་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་ལས་དོན་མགྱོགས་མྱུར་དང་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད།ལས་དོན་དེ་སྤེལ་བར་ཡུལ་མི་ཚོའི་རྒྱབ་སྐྱོར་དང་གདེང་འཇོག་བཟང་པོ་ཐོབ་པར་མ་ཟད།ཆམ་རིམས་མཉམ་དུ་འགོས་རྒྱུ་སྔོན་འགོག་ནུས་ལྡན་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
ཉིན་དེའི་སྔ་དྲོར་སྨན་དོན་པ་དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི།གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་མི་སྣ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་ལོ་60ཡན་གྱི་རྒན་རྒོན་100ཙམ་ལ་ཆམ་རིམས་རིམས་འགོག་གི་སྨན་ཁབ་བརྒྱབ་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社