分享按钮

མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།

(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་ཆ་རྐྱེན་གསར་པ་འཕྲད་ཡོད་ཅིང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་ངེས་པར་དུ་ཕྱོགས་ཡོངས་ནས་ངོས་འཛིན་དང་ཡང་དག་པའི་ལྟ་སྟངས་འཛིན་དགོས་པའི་ནན་གསུངས་གནང་ཡོད།

རྩོམ་ཡིག་ནང་དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོཊ་ཡོངས་ནས་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་།ཡང་དག་པ།ཕྱོཊ་ཡོངས་ནས་ལག་བསྟར་བྱེད་པ།རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིཊ་པ། དུས་རབས་གསར་པའི་མི་འབོར་འཕེལ་རྒྱས་ཀྱི་འཐབ་ཇུས་འཐུས་ཚང་དུ་གཏོང་བ།མི་འབོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ངོས་འཛིན་དང་།འཚམ་པ། སྣེ་ཁྲིད་བཅས་བྱེད་པ།མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུཊ་སྣོན་རྒྱག་པ། འོས་འཚམ་གྱི་ཕྲུ་གུ་བཙའ་བའི་ཆུ་ཚད་དང་མི་འབོར་གྱི་གཞི་ཁྱོན་རྒྱུན་འཁྱོངས་ཧུར་ཐག་བྱེད་པ།བྱང་ཚད་ལེགས་པ་དང་།སྤྱི་འབོར་འདང་ངེས་ཡོད་པ།གྲུབ་ཆ་ལེགས་སྒྲིག ཁྱབ་ཚུལ་ལུཊ་མཐུན་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུཊ་ཐོན་ཁུངས་མགྱོཊ་མྱུར་བསྐྲུན་པ་བཅས་བྱས་ཏེ་མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས་པ་སྟེ། གཤམ་གསལ་གྱི་རྩ་དོན་ཁོང་དུ་ལེཊ་པར་ཆུད་པར་བྱེད་དགོས། དེ་ཡང་གཅིག་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།གཉིས་ནས་བརྒྱུད་རིམ་ལྡན་པའི་འདུ་ཤེས་ལ་བརྟེན་ནས་མི་འབོར་གྱི་གནད་དོན་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།གསུམ་ནས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། བཞི་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་ཡོད།

རྩོམ་ཡིག་ནང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་གཙོ་གནད་ལས་འགན་བཏོན་པ་སྟེ།དང་པོ།སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ་བྱས་ཏེ་མི་འབོར་གྱི་ཕྱོགས་བསྡུས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གཉིས་པ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།གསུམ་པ།མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་འདོན་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་པ།མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་རྒས་དུས་འཚོ་རྟེན་ཡོད་པ་དང་།རྒས་དུས་ལས་རྒྱུ་ཡོད་པ།རྒས་དུས་དགའ་བདེའི་དཔལ་ལ་རོལ་རྒྱུ་ཡོད་པ་བཅས་མངོན་འགྱུར་གང་ཐུབ་བྱེད་དགོས། ལྔ་པ།མི་འབོར་དང་དཔལ་འབྱོར་སྤྱི་ཚོགས།ཐོན་ཁུངས་ཁོར་ཡུག་བཅས་དབར་གྱི་འབྲེལ་བ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱས་ཏེ་མི་འབོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

རྩོམ་ཡིག་ནང་དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་ཕྱོཊ་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མི་འབོར་སྡོམ་རྩིས་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་དང་།མི་འབོར་དང་བུ་བཙའི་འགན་སྲུང་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་བཏང་སྟེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་འབོར་གྱི་རིགས་པའི་གཞུང་ལུགས་མ་ལག་བཙུགས་ནས་དྲིལ་བསྒྲགས་དང་ཁྲིད་སྟོན་ཡག་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་པའི་ནན་གསུངས་གནང་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191099.html 1 མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས། /enpproperty-->