分享按钮

ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཊ་ཀྱིས་ལྷ་སར་བཅའ་སྡོད་ཚོང་ཚོཊ(མཐུན་ཚོཊ)དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་14ཉིན། ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཊ་ཀྱིས་ལྷ་སར་བཅའ་སྡོད་ཚོང་ཚོཊ(མཐུན་ཚོཊ)དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སྙིང་གཏམ་ཤོད་རེས་ཀྱི་ཚོཊ་འདུ་འཚོཊ་པ་རེད། ཚོཊ་འདུའི་ཐོག་ཚོང་ཚོགས(མཐུན་ཚོཊ)ཁག་གིས་ཚོང་གཉེར་ཁོར་ཡུག་དང་། སྲིད་ཇུས་ཁོར་ཡུག གསར་གཏོད་ཁོར་ཡུག ཁྲིམས་སྐྱོང་ཁོར་ཡུག སྲིད་གཞུང་དང་ཚོང་པའི་དབར་གྱི་ཁོར་ཡུག་སོགས་ལེཊ་སུ་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

སྐལ་བཟང་ཚེ་བརྟན་གྱིས།སྙིང་གཏམ་ཤོད་རེས་ཀྱི་ཚོཊ་འདུ་འཚོཊ་པ་དེའི་ཐོག་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ཚོང་ཚོཊ་ཀྱིས་རང་གྲོང་གི་ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་བ་སོགས་ཐད་ཀྱི་གྲོས་འགོ་དང་བསམ་འཆར་རྒྱ་ཁྱབ་ངང་ཉན་པའི་ཞིབ་ཕྲའི་བྱ་སྤྱོད་ཡིན་པ་མཚོན་ཡོད། ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པ་དང་ཚོང་གཉེར་ཁོར་ཡུག་བཟང་པོས་མ་རྩ་དང་། ལག་རྩལ། ཤེས་ལྡན་པ་བཅས་དེ་བས་མང་བའི་ཡིད་དབང་བཀུག་ནས་ལྷ་སའི་དཔལ་འབྱོར་ལ་གསོན་ཤུགས་སྦྱིན་རྒྱུ་རེད་ཅེས་གསུངས་པ་རེད།

སྐལ་བཟང་ཚེ་བརྟན་གྱིས།ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་དེ་བས་སྒོ་དབྱེ་དང་། ཁ་གསལ། དྲང་གཞག ནུས་ཆེ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་གཞོལ་བས་ཕན་འབྲས་ངེས་ཅན་ཐོན་ཡོད་ཀྱང་ཚོང་གཉེར་ཁོར་ཡུག་ལེཊ་སུ་གཏོང་རྒྱུ་དེ་ནི་རྒྱུན་མཐུད་ཀྱི་བརྒྱུད་རིམ་ཞིག་ཡིན་པས།སྔར་བཞིན་མུ་མཐུད་འཚོལ་ཞིབ་དང་ལེཊ་སུ་གཏོང་དགོས་ཀྱི་ཡོད། ཚོང་ཚོཊ(མཐུན་ཚོཊ)ནི་སྲིད་གཞུང་དང་ཁེ་ལས་དབར་གྱི་སྦྲེལ་ཟམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དོན་དངོས་དང་དངོས་ཡོད་ཀྱི་ཆ་འཕྲིན་འབོར་ཆེན་ཁོང་དུ་ཆུད་པ་ཡོད་པས།སྲིད་གཞུང་ལ་གནད་སྨིན་གྱི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་ཅེས་ནན་གསུངས་གནང་བ་རེད།

ཚོཊ་འདུའི་ཐོག་ཚོཊ་ཞུགས་འཐུས་མི་ཚོས་གང་བསམ་ལྷུག་པོར་གླེང་ནས་སྲིད་ཇུས་དང་ཁྲིམས་སྲོལ་འཐུས་ཚང་དང་། སྲིད་འཛིན་ཞིབ་མཆན་སྟབས་བདེ་རུ་གཏོང་བ། ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཐད་རྩ་ཆེའི་གྲོས་འགོ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་རེད། སྐལ་བཟང་ཚེ་བརྟན་གྱིས་ཚོང་ཚོགས(མཐུན་ཚོཊ)ཀྱི་བསམ་འཆར་དང་གྲོས་འགོ་ནི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོཊ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་གསུངས་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191096.html 1 ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཊ་ཀྱིས་ལྷ་སར་བཅའ་སྡོད་ཚོང་ཚོཊ(མཐུན་ཚོཊ)དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་སྙིང་གཏམ་ཤོད་རེས་ཀྱི་ཚོགས་འདུ་འཚོགས་པ། /enpproperty-->