ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་སྤྱོད་རླངས་འཁོར་སྒུག་པའི་ཁོར་ཡུག་སྔར་བས་ལེཊ་སུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་སྤུས་ཚད་ལེཊ་སུ་གཏོང་བ། རིག་ནུས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་འབས་ཚུཊ་312གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དེས་རྒྱ་ཆེའི་གྲོང་མི་ཚོར་བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ཁོར་ཡུག་ཅིག་བཏོད་པར་མ་ཟད། གྲོང་ཁྱེར་གྱི་རྣམ་པ་ཡང་སྔར་བས་མཛེས་སུ་ཕྱིན་ཡོད།
ཉང་བྲན་ལམ་གྱི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འབབ་ཚུཊ་དང་རླངས་འཁོར་རུ་ཁག་ལྔ་པའི་འབབ་ཚིགས་སུ་འབབ་ཚུཊ་ཀྱི་ཇུས་འགོད་ལ་རང་རང་གི་ཁྱད་ཆོས་ལྡན་ཞིང་། དེང་རབས་ཀྱི་ཇུས་འགོད་ཉམས་ལྡན་པའི་རླངས་འཁོར་རུ་ཁག་ལྔ་པའི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་སྟབས་བདེ་ཞིང་དར་སོ་ཆེ་བ་དང་། གནའ་བོའི་ཇུས་འགོད་ཀྱི་ཉམས་ལྡན་པའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་ལ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་འདྲེས་ཡོད་པས། ས་ཁོངས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཉམས་འགྱུར་མངོན་གསལ་དོད་པོ་ཡོད། གསར་དུ་བརྗེས་པའི་སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་ཀྱི་འབབ་ཚུགས་ཀྱི་ཕྱི་ངོས་མཛེས་པར་མ་ཟད། ད་དུང་འབབ་ཚུཊ་ནང་གློག་རྡུལ་བརྡ་ཁྱབ་བརྙན་ཤེལ་གཉིས་བསྒར་ཡོད་པས། སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་སུ་འབྱོར་བའི་གནས་ཚུལ་དང་། གནམ་གཤིས་སྔོན་བརྡ། ཛ་དྲག་བརྡ་ཐོ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད། འབབ་ཚུཊ་ཚང་མའི་ཐོག་ཏུ་འབབ་ཚུཊ་ཀྱི་གནས་ཚུལ་ཚང་མ་གསལ་པོར་བཀོད་ཡོད་པས། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་འབབ་ཚུཊ་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད། གཞན་ཡང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་སུ་ད་དུང་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་གསར་པ་སྒྲིག་སྦྱོར་བྱས་ཡོད་པས། གྲོང་མིའི་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།
གྲོང་མི་ཞུས་ཅ་ཡིས། སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་ཀྱི་གསར་དུ་བསྒར་བའི་གློག་རྡུལ་བརྙན་ཤེལ་ལས་ང་ཚོས་སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་སུ་སླེབས་པའི་གནས་ཚུལ་ཤེས་རྟོཊ་ཐུབ་པར་མ་ཟད། ད་དུང་འབབ་ཚུཊ་སུ་ལྟ་སྐུལ་ཚོད་འཛིན་གྱི་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱས་ཡོད་པས་འབབ་ཚུཊ་ཀྱི་ཕྱི་ངོས་མཛེས་པོ་ཡོད་པའི་ཁར་ནུས་པའང་ཆེན་པོ་འདུག་ཅེས་བཤད།
དེ་རྗེས། གསར་འགོད་པ་ཚེས་གསུམ་ཐང་ཤར་ལམ་གྱི་ཉི་དྲོད་ལམ་འབབ་ཚུཊ་སུ་བསྐྱོད་ཡོད། དེ་གའི་སྔར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་དེ་ར་བས་བསྐོར་ཡོད་ཅིང་། ཨར་ལས་པས་གོ་རིམ་ལྡན་པའི་ངང་འབབ་ཚུཊ་རྙིང་པ་བཤིག་པའི་ལས་དོན་སྤེལ་བཞིན་ཡོད་པ་དང་། རྗེས་མཐུད་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་གསར་པའི་སྒྲིག་སྦྱོར་གྱི་ལས་དོན་ལ་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད།
བོད་ལྗོངས་དབྱི་ནེང་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་འགན་འཁུར་བ་ཆུང་བདག་གིས། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་གསར་དུ་བརྗེ་བའི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་འབབ་ཚུཊ་312དང་འབྲེལ་བ་ཡོད། མིག་སྔར་སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་སུ་རྨང་སྟེགས་ཀྱི་ས་དོང་200ལྷག་ཙམ་འདྲུས་ཟིན་པ་དང་ས་དོང་ལྷག་མ་100ལྷག་ཙམ་འདྲུ་བཞིན་ཡོད། དམངས་སྤྱོད་མཁའ་འགྲུལ་ཅུས་འབབ་ཚུཊ་དང་རླངས་འཁོར་རུ་ཁག་ལྔ་པའི་འབབ་ཚུཊ་སུ་ད་ལྟ་འབབ་ཚུཊ་གསར་པ་སྒྲིག་སྦྱོར་བྱས་ཟིན་ཡོད། མིག་སྔར་ང་ཚོས་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚུཊ་ཐོན་སྐྱེད་དང་མངག་ཉོ་བྱེད་བཞིན་ཡོད་པས། རྗེས་མཐུད་ཀྱི་སྒྲིག་སྦྱོར་བྱ་བར་གྲ་སྒྲིག་ལེཊ་པོ་བྱེད་བཞིན་ཡོད་ཅེས་བཤད།
སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་གསར་དུ་བརྗེས་པ་དེས་གྲོང་མིའི་ཕྱིར་སྐྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པར་མ་ཟད། འཚོ་བའི་སྤུས་ཚད་ལ་དོ་ཁུར་བྱེད་ལུགས་ཀྱང་ཞིབ་ཆའི་ཐོག་ནས་མཚོན་ཡོད། འབབ་ཚུགས་གསར་པ་དེ་བས་མང་བ་སྤྱོད་འགོ་ཚུཊ་པ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ནས་གྲོང་ཁྱེར་གྱི་བཀྲག་མདངས་འཚེར་སར་གྱུར་ཏེ་ལྷ་སའི་རྣམ་པ་གསར་པ་མངོན་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)པར་འདི་ནི་དེང་རབས་ཇུས་འགོད་ཀྱི་ཉམས་ལྡན་པའི་རླངས་འཁོར་རུ་ཁག་ལྔ་པའི་སྤྱི་སྤྱོད་རླངས་འཁོར་འབབ་ཚུཊ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社