ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་15ཉིན་གྱི་སྔ་དྲོར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཞི་རིམ་ཁྲོམ་གཞུང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོཊ་ཤིང་། གྲོང་སྤྱི་གཞོན་པ་པདྨ་གཡུ་སྒྲོན་གྱིས། གཞི་རིམ་ཁྲོམ་གཞུང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་འབྲེལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཁང་འཛུཊ་སྐྲུན་བྱས་ཚུལ་ལ་གཟིཊ་སྐོར་ཡང་གནང་བ་རེད།
གཟིཊ་སྐོར་མཇུག་འགྲིལ་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུ་དོ་དམ་ཁང་གི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུཊ་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོཊ་འདུ་སྐོང་ཚོཊ་བྱས་པ་རེད། ཚོཊ་འདུའི་ཐོག་པད་མ་གཡུ་སྒྲོན་གྱིས།ཁྲིམས་འཛིན་ནན་པོ་དང་།སྤྲོ་སེམས་འཁོལ་བའི་ཞབས་ཞུ།ལས་ཕྱོད་ཆེ་བའི་ལས་ཀ་བཅས་ཕྱོགས་གསུམ་གྱི་ཐད་ནས་གཞི་རིམ་གྱི་ཁྲོམ་གཞུང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁང་ལ་བླང་བྱ་བཏོན་ཞིང་། ཁོང་གིས་གཞི་རིམ་གྱི་ཁྲོམ་གཞུང་ཁྲོམ་ར་ལྟ་སྐུལ་དོ་དམ་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ཏེ། ཁྲིམས་འཛིན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་གྱོད་སྒྲུབ་ནུས་པ་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གཡས་གཞོགས་གཡོན་འདེགས་དང་སྤྱི་ཚོཊ་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་བྱས་རྗེས་ཧུར་ཐག་འཇོག་དགོས་པ་དང་། དུས་རབས་གསར་པའི་བླང་བྱ་གསར་པར་དམིགས་པ་དང་མང་ཚོཊ་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཆེ་རུ་གཏོང་རྒྱུར་དམིགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མ་བརྗེད་པར་ནུས་ཤུགས་ཡོད་རྒུས་མང་ཚོཊ་དང་ཁེ་ལས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社