分享按钮

ཀུན་བདེ་གླིང་ཁྲོམ་གཞུང་གིས་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་ཀུན་བདེ་གླིང་ཁྲོམ་གཞུང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་ཁོངས་གཏོགས་སྡེ་ཁུལ་ཏེ།ལྷ་ཀླུ་སྡེ་ཁུལ་དང་ཞོལ་སྡེ་ཁུལ་གྱི་སྲང་ལམ་ཁག་ཅིག་ཕྱོགས་རྐྱང་པར་བསྐྱོད་རྒྱུར་བཅོས་པ་དང་།ཆབས་ཅིག་སྲང་ལམ་གཡས་གཡོན་དུ་རླངས་འཁོར་འཇོག་ས་མང་དུ་གཏོང་བ་དང་ཕྱིར་གཏོང་ནང་འཛུལ་གྱི་སྒོ་བཀག་མ་ལག་མང་དུ་བཏང་ནས་དུས་ཡུན་རིང་པོའི་ནང་གནས་པའི་སྲང་ལམ་འགག་པ་དང་རླངས་འཁོར་འཇོག་ས་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས།ཁོངས་གཏོགས་ཁུལ་གྱི་གྲོང་མིའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

ལྷ་ཀླུ་སྡེ་ཁུལ་དང་ཞོལ་སྡེ་ཁུལ་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དང་བར་ཐག་ཉེ་བ་དང་ཁོངས་གཏོགས་ཁུལ་དུ་སྲང་ལམ་མང་ལ་རྒྱ་ཆུང་བའི་ཁར་ཉེ་འཁོར་དུ་སློབ་གྲྭ་མི་ཉུང་བ་ཞིག་ཡོད་ལ་འཁོར་རིགས་དང་མི་ཚོཊ་མང་བས་འགྲོ་ལམ་ལ་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད།ལྷག་པར་དུ་སྔ་དགོང་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་བས་རྟག་ཏུ་ལམ་འགག་ནས་ཤར་བགྲོད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད། དཀའ་གནད་དེ་ཐག་གཅོད་བྱ་ཆེད། ཀུན་བདེ་གླིང་ཁྲོམ་གཞུང་གིས་ཟླ་9པ་ནས་བཟུང་ལྷ་ཀླུ་སྡེ་ཁུལ་དང་ཞོལ་སྡེ་ཁུལ་གྱི་སྲང་ལམ་ཁག་གཅིག་ལེཊ་སུ་བཏང་ཞིང། ལེཊ་སྒྲིག་བྱས་རྗེས་ཞོལ་གྲོང་གསར(ཀུན་བདེ་གླིང་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས)ནས་བདེ་སྐྱིད་ཡན་ལག་ལམ་བར་གྱི་ཕྱོགས་གཉིས་སུ་སྒོ་བཀག་མ་ལག་བསྒར་ནས་ཕྱོགས་གཉིས་ཤར་བགྲོད་ཐུབ་པར་བྱས་པ་དང་། ལྷ་ཀླུ་ཚོཊ་ཆུང་གསུམ་པའི(ལྷ་ཀླུ་སློབ་ཆུང)སྲང་ལམ་གྱི་ལམ་མདོ་རུ་ཡར་འཛུལ་མི་ཆོག་པའི་སྒོ་བཀག་མ་ལག་བསྒར་ནས་ཕྱོགས་རྐྱང་པར་བསྐྱོད་རྒྱུ་བཟོས་ཡོད། གཏན་འབེབས་གསར་པ་ལག་བསྟར་བྱས་རྗེས་སྲང་ལམ་ནང་གི་རླངས་འཁོར་འཇོག་སའི་སྒྲིག་ལམ་དང་འགྲོ་སྐྱོད་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པར་གྲོང་མི་མང་ཚོཊ་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

གྲོང་མི་ཕུར་བུ་སྒྲོལ་མས།དེ་སྔ་དྲ་མིག་གི་ལས་དོན་པ་དང་སྡེ་ཁུལ་གྱི་ལས་དོན་པས་ཞོགས་པ་ནས་དགོང་མོའི་བར་ལམ་གཤོང་བའི་ལས་དོན་སྤེལ་དགོས་ཀྱི་ཡོད།སྒོ་བཀག་མ་ལག་བསྒར་བ་ནས་ད་བར་ཟླ་གཅིག་ལྷག་ཙམ་སོང་རིང་འགྲོ་ལམ་གཙང་དུ་ཕྱིན་པ་དང་མེ་ཟོན་བགྲོད་ལམ་ཡང་ཤར་བགྲོད་ཐུབ་ཡོད། ད་ཆ་ཚང་མར་ཕྱིར་སྐྱོད་ཀྱི་གོམས་གཤིས་བཟང་པོ་རིམ་བཞིན་འཇགས་པར་མ་ཟད།སྡེ་ཁུལ་གྱིས་དེའི་ཐད་འབད་བརྩོན་ཆེན་པོ་བྱས་པར་ཕན་འབྲས་དངོས་ཀྱང་ཐོབ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེཊ་སྒྲིག་བྱས་པ་དེས་སྡེ་ཁུལ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ་དང་གྲོང་མིའི་ཕྱིར་སྐྱོད་ཆ་རྐྱེན་དང་གནས་སྡོད་ཁོར་ཡུག་ལེཊ་སུ་ཕྱིན་ཡོད།འོན་ཀྱང་མིག་སྔར་མང་ཚོཊ་ཁག་ཅིག་ནས་ད་ཐེངས་ཀྱི་ལེཊ་སྒྲིག་ལ་རྒྱུས་མངའ་དེ་ཙམ་མེད་པས་ཚང་མས་ངེས་པར་དུ་ཕྱོགས་རྐྱང་པའི་འགྲོ་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཐུན་མོང་ཐོག་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་དེ་བས་ལེཊ་པ་གཏོད་རྒྱུའི་འབོད་སྐུལ་ཞུས་ཡོད།

ལྷ་ཀླུ་སྡེ་ཁུལ་གྱི་དྲ་མིག་གསུམ་པའི་དྲ་མིག་དཔོན་པད་སྒྲོལ་གྱིས།ཕྱོགས་རྐང་པའི་ལམ་བཀོད་སྒྲིག་བྱས་པ་ནི་ས་ཁོངས་དེའི་འགྲིམ་འགྲུལ་གྱི་གནོན་ཤུགས་གནས་ཚུལ་ལ་གཞིགས་ནས་མང་ཚོཊ་ཕྱིར་སྐྱོད་ཐད་སྟབས་བདེ་ཡོང་བ་དང་མང་ཚོཊ་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་རྗེས་གོང་རིམ་གྱི་བོད་སྐྱོར་མ་དངུལ་གནང་ནས་བཟོས་པ་ཞིག་རེད།མིག་སྔར་ས་ཁོངས་དེའི་འགྲོ་སྐྱོད་གནས་ཚུལ་ཅུང་ཞི་ལྷོད་དུ་ཕྱིན་ནས་མང་ཚོཊ་མང་ཆེ་བ་བློ་ཡིད་ཚིམ་པོ་བྱུང་ཡོད།དེ་དང་ཆབས་ཅིག་གྲོང་མི་ཚང་མས་རང་རྟོགས་ངང་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཐུན་མོང་ཐོག་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191094.html 1 ཀུན་བདེ་གླིང་ཁྲོམ་གཞུང་གིས་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་པ། /enpproperty-->