分享按钮

(པར་ངོས་དང་པོར་མཐུད)དེ་བསྐྲུན་རྗེས་ཕེ་རུར་ཕན་པ་བཟང་པོ་ཐོབ་རྒྱུ་དང་ལས་ཞུགས་ཀྱི་གོ་སྐབས་མང་པོ་བཏོད་ནས་ཕེ་རུའི་སྐམ་ས་དང་རྒྱ་མཚོ་སྦྲེལ་མཐུད་དང་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་སྦྲེལ་མཐུད་བྱེད་པའི་སྒོ་དབྱེའི་གནས་བབ་སྲ་བརྟན་ནུས་ལྡན་ཐུབ་རྒྱུ་རེད། ལོ་ངོ་2000ལྷག་ཙམ་གྱི་གོང་དུ་ཀྲུང་ཧྭ་མི་རིགས་ཀྱི་མེས་པོ་ཚོས་དཀའ་སྤྱད་འབད་བརྩོན་ངང་ཤར་ནུབ་འབྲེལ་བའི་མཚོ་ཐོག་གི་དར་གོས་ལམ་བུ་བཏོད་ཡོད། ལོ་500ལྷག་ཙམ་གྱི་གོང་དུ་ཕེ་རུའི་མེས་པོ་དབྱིན་ཅ་བས་དཀའ་ཉེན་ལ་མི་སྐྲག་པར་ལ་བརྒལ་ཀླུང་བརྒལ་གྱིས་ཨན་ཏི་སིའི་རི་རྒྱུད་ཀྱི་ལྷོ་བྱང་སྦྲེལ་བའི་དབྱིན་ཅ་གནའ་ལམ་བསྐྲུན་པ་རེད། ད་ཆའི་ཆན་ཁའེ་གྲུ་ཁ་དེ“དུས་རབས་གསར་པའི་དབྱིན་ཅ་གནའ་ལམ”གྱི་འགོ་འཛུགས་ས་གསར་པར་འགྱུར་བཞིན་ཡོད། “ཆན་ཁའེ་ནས་ཧྲང་ཧའེ་བར”ང་ཚོས་ད་ལྟ་བདེན་དཔང་བྱེད་བཞིན་ཡོད་པ་ནི་རྒྱུད་གཅིག་ལམ་གཅིག་ཐུན་མོང་ཐོག་གཏོད་པའི་གྲོས་འགོ་ཕེ་རུར་གཞི་ཚུགས་པ་ཙམ་མ་ཟད། དུས་རབས་གསར་པའི་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་གི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་ཞིག་ཀྱང་ཡིན།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱས་ནས་སྐྱེལ་འདྲེན་ནུས་པ་དང་ཕྱོཊ་བསྡུས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། བགྲོད་ལམ་གྱིས་ཟོག་འགྲེམས་ལ་སྣེ་ཁྲིད་དང་། ཟོག་འགྲེམས་ཀྱིས་དཔལ་འབྱོར་ཚོང་དོན་ལ་སྣེ་ཁྲིད། དཔལ་འབྱོར་ཚོང་དོན་གྱིས་ཐོན་ལས་ལ་སྣེ་ཁྲིད་བཅས་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོ་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་འགྲམ་རྒྱུད་ཀྱི་དཔལ་འབྱོར་དངོས་ཚན་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ། ཕེ་རུ་དང་ཐ་ན་རྒྱ་ཆེའི་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་དར་རྒྱས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱས་ནས་དེ་བས་རྒྱ་ཆེ་བའི་བར་མཐོངས་སུ་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་བློ་ཡིད་ཚིམ་པའི་ཚོར་སྣང་དེ་བས་མང་བ་ཡོང་བར་བྱེད་དགོས།

པོ་ལུའུ་ཨའར་ཐེས་གསུངས་དོན། ཆན་ཁའེ་གྲུ་ཁ་བཙུགས་པ་ནི་ཕེ་རུ་མི་དམངས་ཡོངས་ཀྱི་སྤོབས་པ་ཆེ་ཤོས་ཀྱི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། ཕེ་ཀྲུང་གིས་རྒྱུད་གཅིག་ལམ་གཅིག་ཐུན་མོང་ཐོག་སྐྲུན་པའི་བརྗིད་ཆེའི་ལས་གྲྭ་དེའི་ཐོག་ནས་ཕེ་རུས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་དང་ཚོང་དོན་ལྟེ་གནས་གཏོད་པའི་དམིགས་ཚད་ཕྱོཊ་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་པ་དང་། ཕེ་རུ་དེ་ཉིད་ལ་ཏིང་མེ་གླིང་དང་ཨེ་ཤེ་ཡ་སྦྲེལ་མཐུད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་ཡིན་ལ། ལ་ཏིང་མེ་གླིང་གཞི་གཅིག་ཅན་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། གྲུ་ཁས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ནས་ཕེ་རུའི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཕེ་རུའི་མི་དམངས་ཡོངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུ་ཡིན་པས། ཀྲུང་གོས་ཕེ་རུ་ལ་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “ཆན་ཁའེ་ནས་ཧྲང་ཧའེ་བར”གྱི“དུས་རབས་གསར་པའི་དབྱིན་ཅ་གནའ་ལམ”དེས་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་གཅིག་ཏུ་འདྲེས་པའི་ཟམ་པ་དང་མི་རིགས་མཛའ་མཐུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བའི་ཟམ་པ་བསྐྲུན་རྒྱུ་རེད། ཀྲུང་གོ་ཁྲི་ལོར་བརྟན་པར་ཤོག ཕེ་ཀྲུང་གི་མཛའ་གྲོགས་ཁྲི་ལོར་བརྟན་པར་ཤོག

ཆན་ཁའེ་གྲུ་ཁ་ནི་ཕེ་རུའི་རྒྱལ་ས་ལི་མའི་བྱང་རྒྱུད་ཀྱི་སྤྱི་ལེ་80ཡི་སར་གནས་པ་དང་ཀྲུང་གོ་དང་ཕེ་རུའི་དབར་ཐུན་མོང་ཐོག་བསྐྲུན་པའི་རྒྱུད་གཅིག་ལམ་གཅིག་གི་གཙོ་གནད་རྣམ་གྲངས་ཤིག་རེད། གྲུ་ཁ་གཉེར་རྗེས་ཀྲུང་གོ་དང་ཕེ་རུའི་དབར་གྱི་ཕྱོཊ་རྐྱང་པའི་མཚོ་ཐོག་སྐྱེལ་འདྲེན་དུས་ཚོད་ཉིན་23བར་ཐུང་དུ་ཕྱིན་ནས་ཟོག་འགྲེམས་མ་གནས་བརྒྱ་ཆ་20ཡན་གྲོན་ཆུང་ཐུབ་སྟེ་ལོ་ལྟར་ཕེ་རུར་ཐད་ཀར་ལས་ཞུགས་གོ་སྐབས་8000ལྷག་ཙམ་གཏོད་རྒྱུ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191093.html 1 /enpproperty-->