分享按钮

གཅེས་སེམས་ཁེ་ལས་ཀྱིས་གད་པར་སྤྱི་ཕན་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གཅེས་སེམས་ཁེ་ལས་ལྷ་ས་ཨའེ་སི་ཐེ་སྨན་བཅོས་མཛེས་བཟོ་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པའི་ཉི་འོད་འོག་གི་སྲུང་སྐྱོང་པ་ཞེས་པའི་བོད་ཀྱི་གད་པར་གཅེས་སྐྱོང་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་གཅེས་སེམས་ཁེ་ལས་ཀྱི་འཐུས་མིས་བོད་ལྗོངས་པོ་རུའེ་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཚད་ཡོད་ཀུང་སིའི་གད་པའི་འཐུས་མི་100ལ་སྒོར་ཁྲི་8རི་བའི་ཉི་སྒྲིབ་ཆ་ཚང་གསུམ་དང་།ཤ་སོས།ཉི་གདུགས།འཚིག་རྨས་བསྐྱར་གསོ་སོགས་ཀྱི་དངོས་ཟོག་སྤྲད་པ་རེད། དངོས་ཟོག་ཚང་མའི་ནང་གཅེས་སེམས་ཁེ་ལས་ཀྱིས་གད་པར་གུས་བཀུར་དང་ཐུགས་རྗེ་ཆེ་ཞུ་བའི་བསམ་པ་བཅངས་ཡོད་པ་རེད།དངོས་ཟོག་ཞལ་འདེབས་ཕུལ་བ་ཕུད།གཅེས་སེམས་ཁེ་ལས་ཀྱིས་ལྷ་སའི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་གྱི་གད་པའི་ཚེ་གང་གི་ཤ་ལྤགས་བདེ་ཐང་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་།དུས་མཚུངས་ཉི་མར་བསྲོས་ནས་རྨས་སྐྱོན་ཚབས་ཆེན་ཕོག་པའི་གད་པར་རིན་མི་དགོས་པའི་སྨན་བཅོས་རོགས་སྐྱོབ་བྱ་རྒྱུ་ཡིན་པ་རེད།

གད་པའི་འཐུས་མི་མཚོ་འཛིན་གྱིས་ད་ཐེངས་གཅེས་སེམས་ཁེ་ལས་ཀྱིས་ང་ཚོར་ཁ་རས་དང་ཞྭ་མོ་སོགས་འཚོ་བའི་མཁོ་ཆས་སྤྲད་པ་དེས་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་ཚོར་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ལ་མུ་མཐུད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ང་ཚོའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་ཁེ་ལས་དང་མི་སྒེར་དེ་བས་མང་བ་གད་པར་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་མ་ཤུགས་ཆེན་ཐེབས་རྒྱུ་དང་འབྲེལ།ལག་གདང་སྦྲེལ་ནས་ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་པར་ཐུགས་ཁུར་ཟབ་མོ་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་རྒྱུ་རེད།

ལྷ་ས་ཨའེ་སི་ཐེ་སྨན་བཅོས་རྣམ་པ་མཛེས་བཟོ་ཚད་ཡོད་ཀུང་སིའི་སྨན་བཅོས་སྤུས་ཚད་པུའི་པུའུ་ཀྲང་ཏེང་ནཱས་ཁོར་ཡུག་གཙང་སྦྲ་བྱེད་མཁན་ནི་གྲོང་ཁྱེར་གྱི་མཛེས་བཟོ་མཁན་ཞིག་རེད།ཁོང་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ང་ཚོར་གཙང་སྦྲ་དོད་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད།ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་མི་དེ་བས་མང་བས་གད་པར་དོ་ཁུར་དང་བརྩི་འཇོག་བྱ་རྒྱུའི་འབོད་སྐུལ་བྱ་ཆེད་ང་ཚོས་ཀྱང་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་དེ་དང་འདྲ་བའི་གཅེས་སེམས་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191082.html 1 གཅེས་སེམས་ཁེ་ལས་ཀྱིས་གད་པར་སྤྱི་ཕན་བྱེད་སྒོ་སྤེལ་བ། /enpproperty-->