分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་ གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)མྱུར་ཚད་མགྱོགས་སུ་དང་ཤུགས་ཆེར་གཏོང་བ་དང་།རིམ་པ་མཐོར་གཏོང་།སྤུས་ཚད་མཐོར་གཏོང་།ཕན་འབྲས་ཆེར་གཏོང་བཅས་བྱས་ཡོད།འོན་ཀྱང་མིག་སྔར་སྔར་བཞིན་མཐོང་ཆེན་བྱ་རྒྱུ་མི་འདང་བ་དང་། སྐུལ་འདེད་གཏོང་ཤུགས་མི་འདང་བ།ལེ་ལག་འཐུས་ཚང་མེད་པ།མཐུན་སྦྱོར་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་གནས་ཡོད་པས།ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ཐག་གཅོད་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཐོན་ལས་ནི་དཔལ་འབྱོར་གྱི་རྩ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུའི་ལས་དོན་དེ་སྐད་ཅིག་ཙམ་ཡང་སྒུག་མི་ཉན་ལ་སྒུག་ཀྱང་མི་རུང་།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་དོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ།དཀའ་གནད་སེལ་བ།འགག་གནད་སེལ་བ་བཅས་བྱས་ཏེ་ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མགྱོགས་མྱུར་སྐྱོད་དགོས་པ་སྟེ།

སྲིད་ཇུས་ཀྱི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་།སྲིད་ཇུས་ཀྱི་བཀན་ཤིང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་དང་།དགེ་མཚན་ལྡན་པའི་ཐོན་ལས་སྲིད་ཇུས་ལག་བསྟར།ནོར་སྲིད་མ་དངུལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་དངུལ་འཇོག་པར་ཁྲིད་སྟོན་བཅས་བྱས་ཏེ་སྲིད་ཇུས་ཀྱི་དྲོད་རྒྱུན་དེ་ཐོན་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་རྟེན་ས་གསར་པ་ཞིག་ཏུ་དངོས་སུ་འགྱུར་བར་བྱེད་དགོས་པ།

མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་གསར་འཕར་སྐྱེད་སྲིང་བྱེད་དགོས་ཤིང་།ཆེན་པོར་དམ་འཛིན་དང་ཆུང་ཆུང་གློད་གཏོང་མི་བྱེད་པ་མཐའ་འཁྱོངས་ཀྱིས་ཐོན་ལས་ཆེན་པོ་དགུར་དམ་པོར་དམིགས་ཏེ་གཙོ་གནད་རྣམ་གྲངས་ཁག་གཅིག་ཇུས་འགོད་དང་།ཁེ་ལས་རྩེ་གྲ་ཁག་གཅིག་གདན་ཞུ་བྱས་ནས་རྣམ་གྲངས་དེ་ཐོན་ལས་ལ་དམིགས་པ་དང་ཚོང་འགུགས་དེ་ཐོན་ལས་ཐོག་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པར་བྱེད་དགོས་པ།

གཞི་གྲངས་བཀོད་གཏོང་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་།ཐོན་ལས་ཆེན་པོ་དགུའི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ་གཞི་གྲངས་ཁ་གསལ་དང་གནས་ཚུལ་ཁ་གསལ་གྱི་རྩིས་ཐོ་གཅིག་ཆགས་པར་བྱེད་པ་དང་།ཐོན་ལས་ཚང་མའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་།འཕེལ་རྒྱས་ཀྱི་ཐབས་ལམ།འཕེལ་རྒྱས་ཀྱི་བྱ་ཐབས་བཅས་སྔར་བས་ཁ་གསལ་ཡོང་བར་བྱེད་དགོས་པ།

ཆ་ལག་ཚང་བའི་ཞབས་ཞུ་ལེགས་སུ་གཏོང་དགོས་ཤིང་།ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་གཏོང་བའི་འཆར་འགོད་གཏན་འབེབས་བྱེད་པ་དང་།ཉམས་ཞན་ཐོན་ལས་ཀྱི་གསབ་འབྲེལ་དང་།དགེ་མཚན་ལྡན་པའི་ཐོན་ལས་ཀྱི་མཐུད་འབྲེལ།སྲོལ་རྒྱུན་ཐོན་ལས་ཀྱི་འཕར་འབྲེལ།གསར་དར་ཐོན་ལས་ཀྱི་མཐུད་འབྲེལ་བཅས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་འགོ་བརྩམས་ཏེ།ཐོན་ལས་གོང་འཕེལ་གཏོང་བར་མ་ལག་དང་།མདུན་ལམ།མི་མངོན་པའི་ནུས་ཤུགས་བཅས་ལྡན་པའི་འགན་ལེན་བྱེད་དགོས་པ།

འགན་འཁྲི་ཏན་ཏིག་བསྒྲུབ་དགོས་ཤིང་། རིམ་ཁག་ཏང་ཨུད(ཏང་ཙུའུ)དང“9+4”ཡི་འབྲེལ་ཐག་རིང་པོས་འགན་འཁྲི་བརྟན་པོ་འཁུར་བ་དང་།ཐོན་ལས་རེ་རེ་བཞིན་དང་སྦྲེལ་ཐག་རེ་རེ་བཞིན་དམ་འཛིན་བྱས་ཏེ།ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191080.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་ གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->