ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་།དཔེ་ཀློག་ལྷ་ས་འཛུགས་གཏོད་ཀྱི་གྲུབ་འབྲས་ཟབ་ཏུ་གཏོང་བ།གཙོ་འཛིན་གྱི་ཉམས་འགྱུར་ཚོར་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད་ཅེས་པའི་རིམ་སྤེལ་དཔེ་ཀློག་བྱེད་སྒོའི་སྤུས་རྟགས་མུ་མཐུད་གཏོད་པ་བཅས་ཀྱི་ཆེད་དུ།གྲོང་ཨུད་དྲིལ་བསྒྲགས་པུའུ(གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས)ཡིས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་མཉམ་འབྲེལ་ཐོག་གཙོ་འཛིན་གྱི་ཉམས་འགྱུར་ཚོར་བ་དང་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱེད་ཅེས་པའི་ལྷ་ས་གྲོང་ཁྱེར་གྱི་གསུང་རབ་གྱེར་འདོན་དང་།དད་སེམས་གཏོད་པ།ཐོག་མའི་བསམ་འདུན་དྲན་པ་བཅས་ཀྱི་དཔེ་ཀློག་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་དང་།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཝུའེ་ཧྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུའི་ཐོག་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་དང་།ཆུ་ཤུར་རྫོང་གི་རྫོང་དཔོན་གཞོན་པ།གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི།གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ།སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི།ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་གདན་འདྲེན་ཞུས་ཡོད་ལ།ཁོང་རྣམ་པས་ཁག་སོ་སོར《〈ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ཀྱི་ཟུར་ཁྲིད་ཀློག་དེབ》དང《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི〈གཏན་འབེབས〉སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ》ཞེས་པའི་དཔེ་དེབ་གཉིས་ལ་དམིགས་ཏེ་རང་ཉིད་ཀྱི་དཔེ་ཀློག་གི་བསམ་བློའི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་འབྲེལ།རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་དང་གྲུབ་འབྲས་ཀྱང་གླེང་བ་རེད།
གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཁྲེན་ལིས་ངས་གཙོ་བོ《གཏན་འབེབས》ཀྱི་ཟུར་ཁྲིད་ཀློག་དེབ་གཉིས་ལ་དམིགས་ནས་སློབ་སྦྱོང་བྱས་པ་ཡིན།ངས་ཀྱང་རང་ཉིད་ཀྱི་མྱོང་ཚོར་ཕྲན་བུ་ཚང་མར་མཉམ་སྤྱོད་བྱེད་འདོད་བྱུང་།ཀློག་དེབ་གཉིས་ལ་སློབ་སྦྱོང་ཡང་ཡང་བྱས་པ་ཡིན་ལ་ལྷག་པར་དུ《གཏན་འབེབས》ཀྱི་ནང་དོན་ཆ་ཚང་དང་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལུའེ་ཧའེ་ཁྲའོ་ཡི་སྨན་བཅོས་ཀྱི་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྩོམ་ཡིག་ལ་སློབ་སྦྱོང་བྱས་པ་བརྒྱུད།ངའི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་གྱི་བསམ་གཞིགས་བྱེད་ཚད་སྔར་བས་ཟབ་ཏུ་ཕྱིན་སོང་།ང་ཚོའི་འཕྲོད་བསྟེན་བདེ་ཐང་གི་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་བགྲོད་ལམ་འདིའི་སྟེང་དུ་མུ་མཐུད་འབད་བརྩོན་བྱེད་པར་ང་ལ་ཡིད་ཆེས་ཡོད་ཅེས་བཤད།
ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུའི་ཐོག་ད་དུང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན་དང་།གྲོང་ཨུད་ཏང་གི་སློབ་གྲྭའི་སྤྱི་པའི་དོ་དམ་སློབ་དཔྱོད་ཁང་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་གདན་དྲངས་ནས་ཚང་མར་གསུང་རབ་དཔེ་དེབ་འོས་སྦྱོར་བྱས་ཏེ་སློབ་གསོའི་བློ་རིག་དང་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社