分享按钮

ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་དྲོ་སྐྱིད་ ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུར་འགན་ལེན་བྱེད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལོ་རེའི་ཟླ་11ཚེས་15ཉིན་ནས་སང་ལོའི་ཟླ་3ཚེས་15ཉིན་བར་ནི་ལྷ་ས་གྲོང་ཁྱེར་དུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ཡིན་ཞིང་། དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་རིང་གྲོང་མི་མང་ཚོགས་ཀྱིས་བརྟན་ཞིང་བདེ་འཇགས་ལྡན་པའི་དྲོད་རླངས་མཁོ་འདོན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས(ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སི་ཞེས་བསྡུ་རྒྱུ)སྔ་སྣུར་དུ་འཆར་འགོད་བྱས་ཏེ་དྲོད་རླངས་མཁོ་འདོན་འགན་ལེན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་པ་དང་། བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོགས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད། མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུར་འགན་ལེན་བྱས་པ་རེད།

ཉིན་ཤས་གོང་། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་དུ་སྐྱོད་སྐབས། ཕྲུ་གུ་ཚོ་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་སློབ་སྦྱོང་དང་འཚར་ལོངས་ཡོང་བར་བྱ་ཆེད། བུ་བཅོལ་ཁང་དེས་ལྷ་སའི་དྲོད་རླངས་མཁོ་འདོན་གྱི་དུས་ཚིཊ་དངོས་སུ་མ་ཤར་གོང་ནས་དྲོད་རླངས་མཁོ་འདོན་མ་ལག་སྔོན་ལ་སྤྱོད་འགོ་བཙུཊ་པ་མཐོང་བྱུང་། བུ་བཅོལ་ཁང་དུ་སྐྱོད་སྐབས་ཕྲུ་གུ་ཚོས་དྲོ་སོབ་སོབ་ཀྱི་སློབ་ཁང་ནང་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པ་དང་རྩེད་མོ་རྩེ་བཞིན་འདུག ངོ་སྤྲོད་བྱས་པར་གཞིཊ་ན། དྲོད་རླངས་མཁོ་འདོན་མ་ལག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ཆེད་ལས་ལག་རྩལ་པ་དང་སྲུང་སྐྱོང་མི་སྣ་བཀོད་སྒྲིག་བྱས་ནས་སློབ་གྲྭའི་ཁྲོ་ཐབ་ཁང་བརྟན་པོ་ཡོང་ཆེད་ཉིན་ལྟར་ཁྲོ་ཐབ་ཁང་གི་དྲོད་རླངས་མཁོ་འདོན་སྒྲིག་ཆས་ལ་ཞིབ་བཤེར་ཞིབ་ཚཊ་བྱས་ནས་མི་མངོན་པའི་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་མཐོང་མ་ཐག་འཕྲལ་དུ་ཐག་གཅོད་བྱས་ནས་ཕྲུ་གུ་ཚོའི་སློབ་སྦྱོང་གི་ཁོར་ཡུག་དྲོ་སྐྱིད་ལྡན་ལ་བདེ་འཇཊ་ཡོང་བའི་འགན་ལེན་བྱས་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གི་དགེ་རྒན་ལུའུ་ཡ་ཅིང་གིས་ང་ཚོའི་བུ་བཅོལ་ཁང་ལ་འཛིན་གྲྭ་21དང་འཛིན་གྲྭ་རེར་ཕྲུ་གུ་35ཡོད། འཛིན་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་བྱུང་ནས་ཕྲུ་གུ་ཚོས་དྲོ་སྐྱིད་ལྡན་པའི་སློབ་ཁང་ནང་སློབ་སྦྱོང་དང་། རོལ་རྩེད། འཚོ་བ་བཅས་སྐྱེལ་བཞིན་ཡོད་པས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

དྲོད་རླངས་མཁོ་འདོན་དང་དྲོད་རླངས་ཀྱི་སྒྲིག་ཆས་བདེ་འཇགས་དང་བརྟན་པོ་ཡོང་རྒྱུར་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ད་དུང་སྔ་སྣུར་དུ་འཁོར་སྐྱོད་སྲུང་སྐྱོང་མི་སྣ་བཀོད་སྒྲིག་བྱས་ཏེ་སློབ་གསོ་གྲོང་གི་ཁྲོ་ཐབ་ཁང་གི་དྲོད་རླངས་མཁོ་འདོན་མ་ལག་དང་སྒྲིག་ཆས་ལ་སྲུང་སྐྱོང་དང་ཉམས་གསོ་བྱས་ནས་དྲོད་རླངས་མཁོ་འདོན་མདོང་ལམ་གྱི་ཆུ་འདྲེན་མཚོན་རྟགས་དང་། ཁྲོ་ཐབ་དྲོད་འཛིན་པང་ལེབ་སོགས་ལ་ཞིབ་བཤེར་བྱས་པ་རེད། ཁྲོ་ཐབ་འཁོར་སྐྱོད་ལ་སྲུང་སྐྱོང་བྱེད་རིང་། ལག་རྩལ་མི་སྣ་གཙོ་བོས་འཁོར་སྐྱོད་ཀྱི་གྲངས་གཞིར་ལྟ་སྐུལ་ཚོད་འཛིན་དང་དཔྱད་བསྡུར་བྱེད་པ། གལ་ཏེ་རྒྱུན་གཏན་མིན་པའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་བཀོལ་སྤྱོད་བདག་སྐྱོང་མི་སྣར་བརྡ་ཐོ་གཏོང་བ་དང་དུས་མཚུངས་བཀོལ་སྤྱོད་བདག་སྐྱོང་མི་སྣས་ཉིན་ལྟར་སེམས་དྲོད་ཁྲོ་ཐབ་Appབརྒྱུད་ནས་ཁྲོ་ཐབ་འཁོར་སྐྱོད་ཀྱི་གྲངས་གཞི་དོ་དམ་སྟེཊ་བུར་བསྐུར་ནས་བདེ་འཇཊ་ངང་དྲོད་རླངས་མཁོ་འདོན་བྱ་རྒྱུར་སླར་ཡང་འགོག་སྲུང་འཛིང་རཊ་ཤིག་སྣོན་དགོས་པའི་བླང་བྱ་བཏོན་པ་རེད། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ཅང་ཀྲེ་ཅུན་གྱིས་དྲོད་རླངས་མཁོ་འདོན་མ་བྱས་གོང་ཀུང་སིས་ཆེད་ལས་མི་སྣ་སྒྲིག་འཛུཊ་བྱས་ཏེ་ཁྲོ་ཐབ་དང་། གློག་སྒྱུར་མ་ལག སོལ་རླངས་མ་ལག་སོཊ་ལ་སྲུང་སྐྱོང་དང་། ཞིབ་བཤེར། ཉམས་གསོ་སོཊ་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིཊ་བསལ་སྒྲིག་ཆས་བདེ་འཇཊ་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། ཁྲོ་ཐབ་ཐོ་འགོད་ཁུལ་དམིཊ་བསལ་ཞིབ་བཤེར་ཁང་ལ་ནང་ཁུལ་ཞིབ་བཤེར་དང་།བདེ་འཇཊ་སྟེམ་སྒོ་དང་གནོན་ཤུཊ་འཇལ་ཆས་ལ་ཞིབ་བཤེར་བྱ་རྒྱུའི་ལས་དོན་སྤེལ་དགོས།

(པར་ངོས་གསུམ་པར་གཟིགས)

པར་འདི་ནི་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་འབྲེལ་ཡོད་ལས་དོན་མི་སྣས་སློབ་གསོ་གྲོང་གི་ཁྲོ་ཐབ་ཁང་དུ་འབར་རླངས་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191075.html 1 ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་དྲོ་སྐྱིད་ ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུར་འགན་ལེན་བྱེད་པ། /enpproperty-->