ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་14ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོང་ཁྱེར་སྔོ་འགྱུར་ལེགས་གཏོང་གི་དུས་ཚིཊ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྲིད་གྲོས་ཨུ་ཡོན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་དང་། རང་གྲོང་གི་གྲོང་ཁྱེར་གྱི་སྔོ་འགྱུར་མཐོར་གཏོང་དང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་ཀའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་ལྷག་པའི་གནད་དོན་དང་མི་འདང་ས་བཙལ་འཚོལ་གྱིས་རྗེས་མར་ཁ་གཏད་གཅོག་ཐབས་ཀྱི་གྲོས་འགོ་བཏོན་པ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟླ་བ་དང་། སུང་ལིའུ་ཀྲུའུ། ལུའུ་ཝེ་ཧྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཡུན་ཧྲོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོཊ་འདུའི་ཐོག་གྲོང་ཁྱེར་ཐད་གཏོཊ་སྡེ་ཚན་2དང་རྫོང(ཆུས)4ཡི་འགན་འཁུར་བས་སྤེལ་རེས་གཏམ་བཤད་བྱས་ཤིང་། ཚོཊ་ཞུཊ་སྲིད་གྲོས་ཨུ་ཡོན་ཚོས་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་ཡོད་སྡེ་ཚན་དང་སྲིད་གྲོས་དབར་གྲོས་མོལ་དང་ཕན་ཚུན་སྤེལ་རེས་བྱས་པ་རེད།
ཚོཊ་འདུའི་ཐོག་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོང་ཁྱེར་ཐད་གཏོཊ་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚུཊ་གནས་མཐོ་རུ་བཏང་ནས་གྲོང་ཁྱེར་གྱི་སྔོ་འགྱུར་མཐོར་གཏོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། གནད་སྨིན་ཇུས་འདོན་བྱས་ནས་གྲོང་ཁྱེར་སྔོ་འགྱུར་མཐོར་གཏོང་ལས་དོན་གྱི་གཙོ་གནད་དང་དཀའ་གནད་ལ་དོ་ཁུར་གང་ལེཊ་བྱེད་དགོས་པ། གཞོཊ་འདེཊ་གཏིང་ཟབ་བྱས་ནས་ནུས་ཤུཊ་ཡོད་རྒུས་གྲོང་ཁྱེར་གྱི་སྔོ་འགྱུར་མཐོར་གཏོང་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社