(པར་ངོས་དང་པོར་མཐུད)སྔོ་འགྱུར་བདག་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་སྡོང་ཕྲུག་བདེ་བླག་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།གཙང་འགྲམ་ལུས་རྩལ་སྤྱི་གླིང་དུ་སྐྱོད་སྐབས།ལས་དོན་པས་སོག་ལེ་དང་། ཡལ་ག་འབྲེག་བྱེད་ཇེམ་ཙེ་སོཊ་ཀྱི་ཡོ་བྱད་སྤྱད་ནས་སྡོང་ཕྲུག་ལ་ཡལ་བཞུར་རྒྱག་བཞིན་འདུག ཚང་མས་ལས་བགོས་བྱས་པར་ལྟར་ལ་ལས་སྡོང་ཐུང་ལ་ཡལ་བཞུར་རྒྱག་པ་དང་།ལ་ལས་སྡོང་ཐུང་གི་ཡལ་ག་སྐམ་པོའམ་ཡང་ན་ནད་ཕོག་པའི་ཡལ་ག་འབྲེག་པ།ལ་ལས་སྔོ་འགྱུར་ཁུལ་གྱི་རྩྭ་ངན་དང་ལོ་མ་ལྷུང་པ་རྣམས་གད་རྒྱག་པ།ལ་ལས་སྡོང་ཐུང་གི་གས་ཆག་དང་སྐམ་པའི་ཡལ་ག་རྣམས་གཙང་སེལ་བྱེད་པ་བཅས་བྱས་ཏེ་མཐར་གཅིག་གྱུར་ཐོག་རླངས་འཁོར་ནང་བླུཊ་ནས་གཙང་མར་དབོར་གྱི་ཡོད་པ་རེད།
ལྷ་སའི་མཐོ་གསར་གྲོང་དོན(ཚོགས་པ)ཚད་ཡོད་ཀུང་སིའི་ཏུང་ཧྲི་དང་བཟོ་ཚོཊ་ཀྱི་ཀྲུའུ་ཞི་གཅིག་ལྕོཊ་ཡིན་པའི་སྐལ་བཟང་ཕུན་ཚོཊ་ཀྱིས་སྤྱི་གླིང་འདིར་འདི་ལོའི་ཟླ་9ཚེས་10ཉིན་ནས་བཟུང་ང་ཚོས་བདག་སྐྱོང་དང་དོ་དམ་བྱས་པ་ཡིན།དུས་འགོར་ཉིན་ལྟར་གད་པ་དང་སྔོ་འགྱུར་བདག་སྐྱོང་པ་བཀོད་སྒྲིག་བྱས་ནས་བཅོས་སྒྲིག་དང་དོ་དམ་བྱེད་ཀྱི་ཡོད།སླད་ཕྱིན།ང་ཚོས་ཀྱང་སྤྱི་གླིང་དེར་དོ་དམ་ཡག་པོ་བྱས་ནས་གྲོང་མིར་སྐྱིད་སྣང་དོད་པའི་སྤྱི་གླིང་གི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།
གཙང་འགྲམ་སྤྱི་གླིང(དུས་ཐེངས་དང་པོ)ནི་འདི་ལོའི་ཟླ་7ཚེས་22ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་སྔོ་འགྱུར་མ་འཇོག་ལས་གྲྭ་ཚད་ཡོད་ཀུང་སིར་དངོས་སུ་རྩིས་སྤྲད་ཡོད།སྤྱི་གླིང་དེ་ད་ལྟའི་གནས་ཚུལ་རྩིས་སྤྲོད་ཀྱི་ཁོངས་སུ་གཏོཊ་པས།དང་ལེན་ཐུབ་པ་དང་དོ་དམ་ཡག་པོ་བྱེད་ཐུབ་པའི་ལས་ཀའི་བླང་བྱ་གཞིར་བཟུང་ཀུང་སིས་མི་སྣ་བཀོད་སྒྲིག་བྱས་ཏེ་ཡལ་ག་གཙང་སེལ་དང་།ནད་འབུའི་གནོད་འཚེ་འགོག་བཅོས།ཆུ་གཏོར་སྒྲིག་ཆས་ཉམས་བཟོ་སོཊ་ཀྱི་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་སྔོ་འགྱུར་མ་འཇོག་ལས་གྲྭ་ཚད་ཡོད་ཀུང་སི་གསུམ་པའི་འགན་འཁུར་བ་ཡེ་ཤེས་སྐལ་བཟང་གིས་མིག་སྔའི་བར་ང་ཚོས་ཁྱོན་སྔོ་འགྱུར་གད་སྙིཊ་ཏུན་154གཙང་སེལ་བྱས་པ་དང་།ཆུ་གཏོར་ཆས་260ཉམས་བཟོ་བྱས་པ།ཤེལ་ཏོག་145བརྗེ་པོ་བརྒྱབ་ཡོད།རྗེས་མར་ང་ཚོས་མུ་མཐུད་སྤྱི་གླིང་དེའི་ནང་གི་སྤང་ལྗོངས་བདག་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མི་དང་ཡུལ་སྐོར་བར་རོལ་རྩེད་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།
བཅོས་སྒྲིག་བྱ་སྤྱོད་ཀྱི་ལས་དོན་ཁྲོད་ཆེད་དོན་ཚོགས་ཆུང་གིས་རྩིས་སྤྲོད་དགོས་རིགས་ཚང་མ་རྩིས་སྤྲོད་བྱེད་པ་དང་།དང་ལེན་བྱེད་དགོས་རིགས་ཚང་མ་དང་ལེན་བྱེད་པའི་ལས་ཀའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལ་དོ་དམ་བྱེད་མཁན་མེད་པ་དང་།དོ་དམ་མི་འདང་བ།དོ་དམ་ལས་བྲལ་བ་བཅས་ཀྱི་གནད་དོན་ལ་ཁྱོན་ཡོངས་ནས་གྲལ་བཤེར་དང་ལེགས་སྒྲིག་བྱས་པ་རེད།
ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་ཆོས་འཕེལ་གྱིས་ཆེད་དོན་ཚོཊ་ཆུང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།ང་ཚོས་འཛུཊ་སྐྲུན་ཁྲོད་ཀྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་175ཡི་ནང་ནས་གནད་དོན་173གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པར་ལེཊ་གྲུབ་ཐུབ་ཚད་བརྒྱ་ཆ་98.8ཟིན་ཡོད།རྨང་གཞི་དེའི་ཐོག་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་མཛུབ་སྟོན་དང་བླང་བྱ་གཞིར་བཟུང་གྲོང་ཁུལ་ནང་གི་གཉེར་སྐྱོང་རང་བཞིན་གྱི་སྤྱི་གླིང་དང་།གཙང་པོ་སྒྲོལ་བའི་ཟམ་ཆེན།མི་བགྲོད་སྤྲིན་ཟམ་བཅས་ཀྱི་དོ་དམ་སྲུང་སྐྱོང་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཡོད་ཅེས་བཤད།
ཆེད་དོན་ཚོགས་ཆུང་དང་གྲུབ་ཁོངས་ཚན་པའི་ཐུན་མོང་གི་འབད་བརྩོན་འོག་རང་གྲོང་གི་གྲོང་ཁྱེར་དོ་དམ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།དཔྱད་གཞི་མེད་པ་དང་ལོ་རྒྱུས་ཁྲོད་ལུས་པའི་རྒྱུ་རྐྱེན་གྱི་རྐྱེན་པས་གྲོང་ཁྱེར་འཛུཊ་སྐྲུན་རྣམ་གྲངས་ཡུན་རིང་དོ་དམ་སྲུང་སྐྱོང་རྩིས་སྤྲོད་བྱེད་ཐབས་བྲལ་བའི་གནད་དོན་ཐག་གཅོད་ཐུབ་ཡོད།དེ་དང་ཆབས་ཅིག་གྲོང་ཁྱེར་འཛུཊ་སྐྲུན་དང་དོ་དམ་གྱི་ལས་ཀའི་ལམ་སྲོལ་སྔར་བས་མཐུན་སྦྱོར་བྱུང་བ་དང་།གྲོང་ཁྱེར་དོ་དམ་གྱི་རྨང་གཞི་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྣམ་གྲངས་འཛུཊ་སྐྲུན་དོ་དམ་གྱི་ཚན་རིག་རང་བཞིན་མཐོ་རུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དོ་དམ་དང་བདག་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དོ་དམ་དང་བདག་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社