分享按钮

ཞི་ཅིན་ཕིང་གིས་ཕེ་རུའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག

ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་གྲུ་གཡོར་བཀལ་ནས་རྒྱང་སྐྱོད་བྱེད་དགོས་ཞེས་པ་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། ལི་མར་ཕེབས་ནས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་སྐབས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཕེ་རུའི་མི་དམངས་ཉིན་རེའི་ཚགས་པར》ཐོག《ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་གྲུ་གཡོར་བཀལ་ནས་རྒྱང་སྐྱོད་བྱེད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།

ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་གྲུ་གཡོར་བཀལ་ནས་རྒྱང་སྐྱོད་བྱེད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཞི་ཅིན་ཕིང་གིས།

སའི་གོ་ལའི་ཕྱེད་ལྷོ་མའི་དབྱར་དུས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་རེ་བས་ཁེངས། སྲིད་འཛིན་པོ་ལུའུ་ཨར་ཐེའི་གདན་ཞུས་ལྟར་ངས་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་རྒྱུ་ཡིན།

དེ་ནི་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་རྗེས་ཞི་བདེ་རྒྱ་མཚོའི་ཕ་རོལ་དུ་ཡོད་པའི་ཀྲུང་གོ་བའི་ཁྱིམ་མཚེས་ཕེ་རུ་ལ་འཚམས་འདྲི་བྱེད་ཐེངས་གཉིས་པ་དེ་ཡིན། དེ་གར་ཁ་ལར་དང་། ཁྲ་ཝུན། ཆི་མོའུ། དབྱིན་ཅ་སོགས་གནའ་བོའི་ཤེས་དཔལ་སྐྱེད་སྲིང་བྱས་པ་དང་། དེ་གའི་མི་དམངས་ཀྱིས་བྱམས་བརྩེའི་ངང་ཀྲུང་གོ་བར་ཕ་ཡུལ་གཅིག་པ་ཞེས་འབོད་ཀྱི་ཡོད། དེ་གའི་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་ལོ་རེའི་ཟླ་2ཚེས་1ཉིན་དེ་ཕེ་ཀྲུང་གི་མཛའ་གྲོགས་ཉིན་མོར་གཏན་འཁེལ་བྱས་པ་དང་དེ་གའི་ཀྲུང་གོའི་ཟ་ཁང་ལ་ཟ་མ་ཟ་ཞེས་བརྗོད་ཀྱི་ཡོད་པ་རེད། ཕེ་རུར་སླེབས་རིམ་བཞིན་ངས་ཕེ་རུའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་ཚོར་བྱུང་།

མཛའ་བརྩེ་འདི་གནའ་བོའི་ཤེས་རིག་གི་ཤེས་རབ་ལ་བརྟེན་ནས་བྱུང་བ་ཡིན། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་བར་མཚམས་ཆད་མེད་པ་དང་ལོ་5000ལྷག་ཙམ་སོང་བའི་ཤེས་དཔལ་འབའ་ཞིག་དེ་ཡིན་པ་དང་། ཁ་ལར་ཤེས་དཔལ་གྱིས་མཚོན་བྱེད་དུ་བྱེད་པའི་རྒྱ་མཚོའི་ཤེས་དཔལ་དང་དབྱིན་ཅ་ཤེས་དཔལ་གྱིས་མཚོན་བྱེད་དུ་བྱས་པའི་སྐམ་སའི་ཤེས་དཔལ་ལས་ཕེ་རུའི་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་དང་ཕུན་སུམ་ཚོགས་པའི་སྣ་མང་མཚོན་གྱི་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་རིག་པ་བས་ཀྲུང་ཧྭའི་ཤེས་རིག་དང་གླིང་ཆེན་ཨ་མེ་རི་ཁའི་ཤེས་རིག་ནི་དོན་དངོས་ཐོག་མེས་པོ་གཅིག་གི་རྗེས་རབས་པ་རྣམས་དུས་རབས་མི་འདྲ་བ་དང་ས་གནས་མི་འདྲ་བར་བྱུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 ཞི་ཅིན་ཕིང་གིས་ཕེ་རུའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག 6 6 拉萨日报藏文 c191071.html 1 ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་གྲུ་གཟིངས་ཀྱི་གྲུ་གཡོར་བཀལ་ནས་རྒྱང་སྐྱོད་བྱེད་དགོས་ཞེས་པ་སྤེལ་བ། /enpproperty-->