分享按钮

གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ ཀུང་སིའི་དབར་བཞུགས་མོལ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ཉིན། ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་དབར་བཞུགས་མོལ་བྱས་ཏེ། ཕྱོགས་གཉིས་པོའི་འཐབ་ཇུས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རང་གྲོང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཆིང་ཅིའུ་ཚོགས་འདུར་ཕེབས་ཡོད་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་ཚོགས་ཞུགས་མི་སྣས་ལྷ་ས་གྲོང་ཁྱེར་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་མཉམ་ལས་ལས་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

ཝང་ཆང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ལྷ་སར་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནམ་གཤིས་ཀྱི་ལེགས་ཆ་དང་། ནུས་རྒྱུའི་ལེགས་ཆ། ཐཱན་བསྡུའི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ། མ་གནས་ཀྱི་ལེགས་ཆ་བཅས་ཡོད་པས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཆོད་སེམས་དང་ཆ་རྐྱེན་ལྡན་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191070.html 1 གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ ཀུང་སིའི་དབར་བཞུགས་མོལ་གནང་བ། /enpproperty-->