ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་14ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོཊ་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ།འདི་ལོ་ཚུན་གྱི་ཐོན་ལས་ཆེན་པོ་དགུའི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་གསན་པ་མ་ཟད།སླད་ཕྱིན་གྱི་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།ཁོང་གིས་ནན་གསུངས་གནང་དོན།ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ།རང་སྐྱོང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུའི་རྩ་དོན་རྒྱུན་འཁྱོངས་ཀྱིས་གཡོ་འགུལ་མི་གཏོང་བ།ཐོན་ལས་ལ་དམ་འཛིན་ཆེན་པོ་དང་ཐོན་ལས་ཆེན་པོར་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ།འགག་སྒྲོལ་དཀའ་སེལ་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་དང་།འགྱུར་ལྡོག་གསར་པར་བརྩོན་པའི་འགན་འཁྲི་འཁུར་སེམས་དང་ངར་ཤུགས་ཀྱི་ཐོག་ནས་ལྷ་སའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་།ཀྲའོ་ཧུའེ་ཉན།ལི་ཅང་ཤིན།འཇམ་དབྱངས་བློ་གྲོས།ལིན་ཡུང་།ཝང་ཧུའེ།ཞུས་ཧའེ།ཀྲང་ཁྲུན་དབྱང་།སྐལ་བཟང་ཚེ་བརྟན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཤའོ་ཡིའུ་ཚའེ་ཡིས་འདི་ལོ་ནས་བཟུང་།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཐོན་ལས་ཆེན་པོ་དགུ་སྟོབས་ཆེར་གཏོང་རྒྱུར་དམིགས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་འགན་འཁུར་ཕོད་པ་བྱས་ཏེ།ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社