ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁྱིམ་ཚང་ཁྲི་སྟོང་མང་པོའི་རྒྱུན་གཏན་གྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ཤ་ཚལ་སྒོང་གསུམ་གྱི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ནི་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱ་ཡུལ་གྱི་དམངས་འཚོའི་དོ་གནད་ཅིག་རེད། གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་། ལྟེ་བའི་གྲོང་ཁུལ་གྱི་ལས་རྣམ་འབྱེད་མགྱོགས་སུ་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱ་ཆེད། ལྕགས་པོ་རིའི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དེ་གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རར་སྤོ་རྒྱུ་ཡིན་ཞིང་། ཟླ་12ཚེས་1ཉིན་ཚོད་ལྟའི་ལས་གཉེར་བྱ་རྒྱུ་དང་ཟླ་12ཚེས་12ཉིན་ལས་གཉེར་འགོ་ཚུགས་ཀྱི་མཛད་སྒོ་འཚོག་རྒྱུ་རེད།
གྲོང་ཤར་སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་Aཁུལ་དུ་སྐྱོད་སྐབས། རྒྱ་ཆེ་ལ་དཀར་ཆ་དོད་པའི་བཀོད་པ་དང་། ལམ་ངོས་གཙང་བ། གྲལ་འགྲིག་ལ་གོ་རིམ་ལྡན་པའི་ཁྲོམ་བཀྱག ཚད་ལྡན་ལུགས་མཐུན་གྱི་ཁུལ་དབྱེ། འཆར་འགོད་ཞིབ་ཚགས་བྱས་པའི་ཚོང་ཁང་སོགས་ཚད་གཞི་མཐོ་བ་དང་། (པར་ངོས་བཞི་པར་གཟིགས)
པར་འདི་ནི་གྲོང་ཤར་སྐུ་འབུམ་ཐང་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་Aཁུལ་གྱི་ཁྲོམ་བཀྱག་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社