分享按钮

གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས།

ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ དོ་དམ་དང་བདག་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ།

2023ལོའི་ཟླ་11ཚེས་14ཉིན། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་ལེན་བསྟར་ཚུན།ལོ་རྒྱུས་ཐོག་ལུས་པའི་གནད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་གལ་ཆེན་དང་དགོངས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ།གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་དོ་དམ་བྱེད་མཁན་མེད་པ་དང་།དོ་དམ་མི་འདང་བ།དོ་དམ་ལས་བྲལ་བ་བཅས་དང་དེ་བཞིན་རྫོང(ཆུས)ཁག་དང་བྱེད་ནུས་ཁུལ་དབར་དབྱེ་མཚམས་གསལ་པོ་མེད་པའི་དབང་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ལ་དོ་དམ་བྱེད་མཁན་མེད་པ་དང་དོ་དམ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

གནམ་གཤིས་གྲང་དུ་སོང་བ་དང་བསྟུན་ནས་སྐྱེད་ཚལ་དང་རྩི་ཤིང་རྣམས་དགུན་ཉལ་གྱི་དུས་སྐབས་སུ་སླེབས་ཡོད།ཉེ་ཆར།ལྷ་སའི་མཐོ་གསར་གྲོང་དོན(ཚོགས་པ)ཚད་ཡོད་ཀུང་སིས་སྟོན་དགུན་བདག་སྐྱོང་གི་འགག་རྩའི་དུས་སྐབས་ལ་དམ་འཛིན་ནན་པོ་བྱས་ནས།

(པར་ངོས་གཉིས་པར་གཟིགས)

པར་འདི་ནི་ལས་དོན་པས་སྡོང་ཕྲུག་ལ་ཡལ་བཞུར་རྒྱག་བཞིན་པའི་གནས་ཚུལ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 གྲོང་ཁྱེར་གྱི་ལོ་རྒྱུས་ཐོག་ལུས་པའི་གནད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས། 6 6 拉萨日报藏文 c191068.html 1 ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ དོ་དམ་དང་བདག་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ། /enpproperty-->