分享按钮

གྲོང་ཁྱེར་ཡོངས་ཀྱི་རང་བྱུང་སོལ་རླངས་སྤྱོད་མཁན་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་བྱུང་སོལ་རླངས་ནི་དྭངས་གཙང་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ནུས་རྒྱུ་ཞིག་ཡིན་པའི་ངོས་ནས་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་ཀྱི་ཡོད། རང་བྱུང་སོལ་རླངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་རང་བྱུང་སོལ་རླངས་སྤྱོད་མཁན་གྱི་གྲོང་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར།ལྷ་ས་གྲོང་ཁྱེར་དུ་རང་བྱུང་སོལ་རླངས་ཀྱི་ཡིག་ཚགས་བཟོས་པའི་དུད་ཚང་ཁྲི་16.51ཟིན་པ་དང་། གྲོང་མི་མིན་པའི་དུད་ཚང་733ཟིན་ནས་ལྷ་སའི་རང་བྱུང་སོལ་རླངས་ཁྱབ་གདལ་གཏོང་བའི་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།

2012ལོ་ནས་བཟུང་།ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་སྔོན་ལ་གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་གྲྭ་ལག་བསྟར་བྱས་ཚུན།མང་ཚོཊ་ཀྱིས་དྲོད་རླངས་སྤྱོད་པའི་འདུ་ཤེས་དང་སྤྱོད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི་འདི་ཉིད་རང་གྲོང་གི་འབར་རླངས་མཁོ་སྤྲོད་ཁེ་ལས་གཙོ་བོ་ཞིག་ཡིན་པའི་ངོས་ནས། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191067.html 1 གྲོང་ཁྱེར་ཡོངས་ཀྱི་རང་བྱུང་སོལ་རླངས་སྤྱོད་མཁན་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བ། /enpproperty-->