分享按钮

ཁྲེང་ཀོན་ཆུས་ཀྱི་གཞོན་ནུའི་ལས་གཏོད་ གླེང་སྟེགས་སྐབས་དང་པོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་རབས་གསར་པའི་གཞོན་ནུའི་ལས་ཞུགས་ལས་གཏོད་ལས་དོན་ཏན་ཏིག་བསྒྲུབ་ཆེད། བོད་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་ཤེས་ལྡན་པའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། ལས་གཏོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་ཁྲེང་ཀོན་ཆུས་ཀྱི་ཕུགས་འདུན་མཉམ་དུ་གཏོད་ཅེས་པ་གཙོ་དོན་དུ་བྱས་པའི་ཁྲེང་ཀོན་ཆུས་ཀྱི་གཞོན་ནུའི་ལས་གཏོད་གླེང་སྟེགས་སྐབས་དང་པོ་དང་ལས་གཏོད་གྲུབ་འབྲས་འགྲེམས་སྟོན་གཉེར་བ་རེད།

གླེང་སྟེགས་ཐོག་བོད་ལྗོངས་ལྷ་སའི་ཇ་ཁང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས་ཀྱི་གྲོས་འགོ་འདོན་མཁན་བདེ་སྐྱིད་ཆོས་སྒྲོན་དང་།སྐབས་དགུ་པའི་ཀྲུང་གོ་གཞོན་ནུའི་ལས་གཏོད་བྱ་དགའི་ནང་ཚུད་པའི་འོས་མི་ཚེ་རིང་བཀྲ་ཤིས་སོགས་ཁྲེང་ཀོན་ཆུས་ལས་གཏོད་ཁུལ་གྱི་ལས་གཏོད་པས་ཚོགས་ཞུགས་པར་ཁོང་ཚོའི་ལས་གཏོད་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་ནས་ལས་གཏོད་གཞོན་ནུ་དེ་བས་མང་བས་ལས་གཏོད་ཀྱི་བློ་གྲོས་བསྡུ་ལེན་དང་མི་མངོན་པའི་ནུས་པ་ཚད་མེད་འཕེལ་བར་བྱས་པ་རེད། ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ཝང་ཅིང་གིས། སྐབས་འདིའི་གླེང་སྟེགས་ཀྱི་དམིཊ་ཡུལ་ནི་མཐོ་སློབ་དང་། ཁེ་ལས། གཞོན་ནུ་ལས་གཏོད་པ་བཅས་ལ་སྤེལ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་རྒྱུ་དང་། བྱེད་སྒོ་སྤེལ་བ་བརྒྱུད་འབད་འབུངས་ལས་གཏོད་ཀྱི་སྙིང་སྟོབས་བརྒྱུད་བསྒྲཊ་བྱས་ནས་འཇོན་ཐང་ཅན་གྱི་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་ཀྱི་ལས་གཏོད་གཞོན་ནུའི་འཐུས་མི་དང་། ལས་གཏོད་མཛུབ་ཁྲིད་སློབ་དཔོན། དངུལ་རྩའི་སྒྲིག་གཞིའི་འཐུས་མི་བཅས་སྐུ་མགྲོན་མང་པོ་ཞིག་གིས་ཁྲེང་ཀོན་ཆུས་ཀྱི་ལས་གཏོད་མཛུབ་ཁྲིད་ཀྱི་དྲིལ་བསྒྲགས་པར་གཞིར་བལྟས་པ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191017.html 1 ཁྲེང་ཀོན་ཆུས་ཀྱི་གཞོན་ནུའི་ལས་གཏོད་ གླེང་སྟེགས་སྐབས་དང་པོ་གཉེར་བ། /enpproperty-->