分享按钮

དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་འཕར་བའི་རྣམ་པ་མངོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་12ཉིན།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་གྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཁྲལ་འབབ་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།

བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ནས་བཟུང་རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་རང་སྐྱོང་ལྗོངས་ཏང་ཨུད་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་།ཁྲལ་དོན་སྡེ་ཚན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ།ཁྲིམས་ལྟར་ཁྲལ་དོན་སྐྱོང་བ་དང་།གྲངས་འབོར་ལ་བརྟེན་ནས་ཁྲལ་དོན་སྐྱོང་བ། ཁྲལ་དོན་ནན་པོས་སྐྱོང་རྒྱུ་གཞི་གཅིག་ཏུ་གཏིང་ཟབ་ཏུ་བཏང་ནས་ནུས་ཕྱོད་ཁྲལ་དོན་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲལ་དོན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེཊ་ཧུར་ཐག་ཞུ་བ་བཅས་བྱས་ཡོད། ཁྲལ་བསྡུའི་གྲངས་གཞི་ནི་དཔལ་འབྱོར་གྱི་གྲངས་གཞི་གལ་ཆེན་ཞིག་ཡིན་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཐད་ཀར་མཚོན་ཐུབ། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་གི་གྲངས་གཞི་ལས་མངོན་པར།ད་ལོའི་དུས་ཚིཊ་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་མུ་མཐུད་ནས་རྒྱུན་མཐུད་ངང་འཕར་ནས་རིམ་རྩིས་བྱས་ན་ཉོ་སྒྲུབ་དང་ཕྱིར་ཚོང་གི་དངུལ་འབོར་དུས་མཚུངས་ལས་བརྒྱ་ཆ་12.9དང་བརྒྱ་ཆ་3.1སོ་སོར་འཕར་ནས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་སྤ་སེ་ཉོ་བ་དང་ཚོང་བའི་དུད་ཚང་ཁྲི་10.95དང་དུད་ཚང་ཁྲི་13.04ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་10.5དང་བརྒྱ་ཆ་25.8སོ་སོར་འཕར་ཡོད། ལྗོངས་ཡོངས་ཀྱི་གསར་འཕར་ཐོ་འགོད་དུད་ཚང་ཁྲི་3.37ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8.7འཕར་བ། འཛད་སྤྱོད་དང་འབྲེལ་བ་ཡོད་པའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་1066.08ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་1.4འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་5.7འཕར་ཡོད།རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་བྱེད་ཐབས་མང་པོ་ཞིག་གི་ཐུན་མོང་ནུས་པའི་འོག་ལྗོངས་ཡོངས་ཀྱི་ཚོང་ཟོག་འཛད་སྤྱོད་དང་ཞབས་ཞུའི་འཛད་སྤྱོད་དུས་མཚུངས་ལས་བརྒྱ་ཆ་0.3དང་བརྒྱ་ཆ་3.5སོ་སོར་འཕར་བ་དང་། རིག་གནས་ཡུལ་སྐོར་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ལ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་105.59བྱུང་བ་དེ་དུས་མཚུངས་ལས་བརྒྱ་ཆ་3.4འཕར་ཡོད་པ་རེད། དེའི་ནང་ཡུལ་སྐོར་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་39.17ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་3.7འཕར་བ་དང་། རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་66.42ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་3.2འཕར་བ། བཟོ་ལས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་565.32ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་10.4འཕར་ཡོད། དེའི་ནང་གཏེར་འདོན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་236.44ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་24.1འཕར་ཡོད། གློག་དང་།དྲོད་རླངས།དེ་བཞིན་ཆུ་བཅས་ཐོན་སྐྱེད་མཁོ་སྤྲོད་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་སྒོར་དུང་ཕྱུར་131.9ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་6.2འཕར་བ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ཀྱི་ཉོ་སྒྲུབ་མ་དངུལ་སྒོར་དུང་ཕྱུར་1695.81ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་21.2འཕར་ཡོད། དེའི་ནང་ཨར་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་མ་དངུལ་སྒོར་དུང་ཕྱུར་1024.75ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་16.7འཕར་བ་དང་། སྒྲིག་ཆས་དང་འཕྲུལ་ཆས་ཉོ་སྒྲུབ་ཀྱི་མ་དངུལ་སྒོར་དུང་ཕྱུར་496.08ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་19.6འཕར་བ།ས་ཁང་བདག་ཁོངས་ཉོ་སྒྲུབ་ཀྱི་མ་དངུལ་སྒོར་དུང་ཕྱུར་174.98ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་64.5འཕར་ཡོད།

བཀྲ་ཤིས་ཕུན་ཚོགས་ཀྱིས།རྗེས་མར་ང་ཚོས་ད་དུང་ཁྲལ་དོན་ཁེ་ལས་དང་ངོ་ཐུག་གདོང་འཕྲད་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུཊ་སྤེལ་རེས་ལམ་སྲོལ་འཛུཊ་པ་དང་འཐུས་ཚང་དུ་གཏོང་བ་དང་། ལས་ཕྱོད་ཆེ་བའི་ལས་དོན་གཅིག་སྒྲུབ་ཐུབ་པའི་ཁྲལ་དོན་ཁྱབ་ཁོངས་ཀྱི་ཞབས་འདེཊ་ཞུ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།ཁྲལ་བསྡུའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ནུས་ཤུཊ་གཅིག་ཏུ་བསྒྲིལ་ནས་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191018.html 1 དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་འཕར་བའི་རྣམ་པ་མངོན་པ། /enpproperty-->