分享按钮

བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་འཚོགས་ཤིང་།ཚོགས་འདུའི་ནང་ལྗོངས་ཕྱིའི་བུད་མེད་དང་བུ་བཙའི་ཚན་ཁག་གི་མཁས་དབང་30ལྷག་ཙམ་དང་།ལྗོངས་ནང་ཁུལ་གྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་དོན་མི་སྣ་100ལྷག་ཙམ་ཞུགས་ཡོད།

ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག རྒྱལ་ནང་དུ་སྐད་གྲགས་ཡོད་པའི་བུད་མེད་དང་བུ་བཙའི་ཚན་ཁག་གི་རིགས་གཅིག་མཁས་ཅན་མང་པོ་ཞིག་གདན་དྲངས་ཏེ་ཁོང་ཚོས་བསམ་བསེའུ་ཡི་ནུས་པ་ཉམས་པ་དང་། བུད་མེད་ལ་མངལ་མི་འཁོར་བའི་ནད་སྨན་བཅོས་བྱེད་པ།ས་མཐོའི་ས་ཁུལ་གྱི་ཉེན་ཁ་ཆེ་བའི་སྦྲུམ་མ་དབྱེ་འབྱེད་དང་སྐྱོབ་བཅོས་སོགས་ཀྱི་ཐད་སྤེལ་རེས་བྱས་པ་རེད།ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་མཁན་སྨན་དོན་མི་སྣས་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ནས་རིགས་གཅིག་མཁས་ཅན་གྱི་སྙན་ཞུར་ནན་ཏན་ངང་ཉན་པ་དང་། གྲོས་བསྡུར་དང་སྤེལ་རེས་ནང་ཧུར་ཐག་ཞུགས་པ།ཁེངས་སྐྱུང་ངང་རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཞུ་བ་བཅས་བྱས་ཏེ་རང་ཉིད་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

བོད་ལྗོངས་སློབ་ཆེན་གྱི་ཞོར་གཏོགས་ཧྥུའུ་ཁང་སྨན་ཁང་གི་ཡོན་ཀྲང་གཞོན་པ་དངོས་གྲུབ་ནོར་བུས།ད་ཐེངས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་རང་ལྗོངས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད།སླད་ཕྱིན་ང་ཚོས་ད་དུང་བྱེད་སྒོ་དེ་འདྲ་མུ་མཐུད་དེ་སྤེལ་ནས་བོད་ཀྱི་རྒྱ་ཆེའི་ནད་པ་རྣམས་ལ་ཕན་པ་དེ་བས་མང་པ་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191016.html 1 བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་འགོ་ཚུགས་པ། /enpproperty-->