分享按钮

ལྷ་སའི་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གིས་ བྱ་ཐབས་སྣ་མང་སྤྱད་དེ་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་ དུས་ཀྱི་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ལྷ་སའི་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་འཆར་ཉེར་ཡོད་ཅིང་། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་རླངས་མཁོ་འདོན་གྱི་ལས་དོན་ལ་འགན་ལེན་ལས་དོན་ཡག་པོ་བྱ་ཆེད། ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལྷ་སའི་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གིས་སྤུས་ཚད་ལ་འགན་ལེན་དང་། གྲངས་ཚད་ལ་འགན་ལེན། བདེ་འཇགས་ངང་དྲོད་རླངས་མཁོ་འདོན་བཅས་ཀྱི་དམིགས་ཚད་གཞིར་བཟུང་།སྔ་སྣུར་དུ་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ཏེ།དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་། དེ་སྔའི་གནད་དོན་ལ་གྲལ་བཤེར། འཕྲལ་སྡོམ་འགན་ལེན་ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་ནས་འགོ་བཙུགས་ཏེ་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་བསྒྲུབས་ཏེ། ནུས་ཤུགས་ཡོད་རྒུས་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་པ་རེད།

ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལྷ་སའི་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གི་དོ་དམ་ཁོངས་སུ་ཁྲོ་ཐབ་ལས་ཁུལ་གཉིས་དང་།ཁྲོ་ཐབ་ཁང་7ཡོད་ཅིང་། གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་། སྔ་ཙམ་ནས་བཀོད་སྒྲིག་དང་། སྔ་ཙམ་ནས་དོན་འཁྱོལ་གྱི་རྩ་དོན་ལ་གཞིགས་ནས་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལྷ་སའི་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གིས་དགུན་དུས་ཀྱི་གནད་དོན་དབྱར་ཁར་ཐག་གཅོད་བྱེད་པའི་ལས་དོན་ཁག་སྔ་ཙམ་ནས་བཀོད་སྒྲིག་བྱས་ཡོད། དབྱར་སྟོན་གཉིས་ལ་ཁྲོ་ཐབ་དང་། དུ་ཁུང་། ཁྲོ་ཐབ་ཀྱི་ཞོར་གཏོགས་སྒྲིག་ཆས། སྒུལ་ཤུགས་སྒམ། སྣུམ་ལམ། རླངས་འདོན་སྦུག་ལམ་སོགས་ལ་ཞིབ་བཤེར་དང་ཞིག་གསོ་བྱས་པར་མ་ཟད། དུ་དྲེག་གཙང་ཕྱགས་བྱེད་པ་དང་སྦྲགས་སྟེམ་སྒོ་ཡོད་ཚད་ལ་ཞིབ་བཤེར་དང་ཉམས་གསོ་བྱས་ཡོད། ཆུ་ཚ་པོ་འགྲོ་བའི་སྦུག་ལམ་ལ་ཞིབ་ཏུ་ཞིབ་བཤེར་དང་མ་ལག་ཏུ་ཆུ་བླུགས་པ་དང་དུས་ཐོག་ཏུ་ཆུ་ཟགས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས།མ་ལག་གི་གནོན་ཤུགས་རྒྱུན་ལྡན་དུ་གྱུར་ཡོད། མིག་སྔར་ལྷ་སའི་ཁོངས་གཏོགས་ཁུལ་གྱི་ཁྲོ་ཐབ་ཁང་ཁག་ལ་དྲོད་འདོན་གྱི་ཆ་རྐྱེན་འཛོམས་ཡོད་པས།ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུ་ནས་བཀྲམས་པའི་དྲོད་རླངས་མཁོ་འདོན་གྱི་དུས་ཚོད་རེའུ་མིག་གཞིར་བཟུང་དུས་ཐོག་ཏུ་དྲོད་རླངས་མཁོ་འདོན་བྱས་ཏེ་2024ལོ་ནས་2025ལོའི་བར་གྱི་དྲོད་རླངས་མཁོ་འདོན་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་གང་ཐུབ་བྱ་རྒྱུ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191015.html 1 ལྷ་སའི་སྡོད་ཁང་འཛུགས་སྐྲུན་ཕྱོགས་བསྡུས་སྲུང་སྐྱོང་འཁོར་ཁང་གིས་ བྱ་ཐབས་སྣ་མང་སྤྱད་དེ་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་ དུས་ཀྱི་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་པ། /enpproperty-->