ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད། ཉེ་ཆར། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱིས་ནོར་སྟོད་ཁང་གསར་སྡེ་ཁུལ་དུ་གཅིག་སྡུད་ཐོག་གློག་སྒུལ་སྦག་སྦག་འཇོག་ས་བསྐྲུན་ནས་སྡེ་ཁུལ་གྱི་བདེ་འཇགས་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གློག་སྒུལ་སྦག་སྦག་འཇོག་ས་14བསྐྲུན་ཟིན་པ་དང་། ད་ཐེངས་ཀྱི་གློག་སྒུལ་སྦག་སྦག་འཇོག་སར་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། རྗེས་མར།ནོར་སྟོད་སྡེ་ཁུལ་གྱིས་མུ་མཐུད་ནས་གྲོང་མིའི་དགོས་མཁོར་གཞིགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་རྣམ་གྲངས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་དེ་བས་མང་བ་སྤེལ་ཏེ། གྲོང་མིའི་འཚོ་བའི་སྤུས་ཚད་དང་སྐྱིད་སྣང་དོད་དུ་ཧུར་ཐག་བཏང་ཐོག ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྡེ་ཁུལ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་རེད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社