分享按钮

ལྷ་ས་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་ཅེས་པའི་རིམ་སྤེལ་ བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་13ཉིན་གྱི་སྔ་དྲོར། གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་སོགས་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པས་སྒྲུབ་འགན་འཁུར་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་ཅེས་པའི་ཟླ་རེ་རེར་དྲིལ་བསྒྲགས་བྱེད་པ་དང་། ཤེས་དཔལ་སྲོལ་གསར་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ལྷ་ས་མཉམ་དུ་གཏོད་ཅེས་པའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་མཛད་སྒོར་ཕེབས་ཡོད།

བྱེད་སྒོ་དེ་གཙོ་བོ་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དང་། ཤེས་དཔལ་གྱི་གྲོས་འགོ རིག་རྩལ་འཁྲབ་སྟོན། དྲི་བ་དྲིས་ལན། དང་བླངས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ལྷ་ས་གྲོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་ཨུད་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ། ལྷག་པར་དུ་གྲོང་ཁྱེར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་གཏིང་ཟབ་འཇགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཕུལ་བྱུང་བཅུས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཤེས་དཔལ་སྐྱེད་སྲིང་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། ལྷ་སའི་ཤེས་དཔལ་ཕོ་ཉ་དང་། རྒྱལ་ཡོངས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ། ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་བ་སོགས་འཐུས་མིས་ཡ་རབས་ཀྱི་འགོ་བཏོན་པ། 《བཀྲ་ཤིས་བདེ་ལེགས》དང་།《ཁོར་ཡུག་བཅོས་སྐྱོང་བྱས་པས་མི་སེམས་ལ་དྲོ་སྐྱིད་སྦྱིན》 《ཡ་རབས་ལྡན་པའི་ཡུལ་སྐོར》སོགས་ངོ་མཚར་ཆེ་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཡ་རབས་གསོལ་ལྕོག་དང་། ཡ་རབས་ཡུལ་སྐོར། ཡ་རབས་འགྲིམ་འགྲུལ། ཡ་རབས་དྲ་ཞུགས། ཡ་རབས་གུས་ལུགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། འབྲེལ་ཡོད་ཚན་པ་15ཡིས་ཡ་རབས་ཀྱི་པར་རིས་འགྲེམས་སྟོན་དང་། བདེ་ཐང་བརྟག་དཔྱད། དཔེ་དེབ་འགྲེམས་ཚོང་སོགས་དམངས་ཕན་ཞབས་ཞུའི་ས་ཚིགས་བཀོད་སྒྲིག་བྱས་པ་དང་། ཁྱོན་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.1ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་3000ལྷག་ཙམ་སྤྲད་པ། བྱེད་སྒོ་སྤེལ་ཡུལ་དུ་མང་ཚོགས་1000ལྷག་ཙམ་ཞུགས་ཡོད། བྱེད་སྒོ་དེ་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་ལས་སྟེགས་ཁག་ནས་ཐད་གཏོང་བྱས་པ་དང་། ཁྱོན་མི་ཐེངས་ཁྲི་2.6གྱིས་བལྟས་པ་དང་། བསྔགས་བརྗོད་བྱེད་ཚད་མི་ཐེངས་ཁྲི་3.5ཟིན་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191010.html 1 ལྷ་ས་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱེད་ཅེས་པའི་རིམ་སྤེལ་ བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ། /enpproperty-->