分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་ སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་13ཉིན།གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གིས་གཅིག་སྡུད་སློབ་སྦྱོང(རྒྱ་ཆེ)ཚོཊ་འདུ་ཐེངས་བཅུ་གཉིས་པ་འཚོཊ་པ་རེད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་གི་བཀའ་མངགས་ལྟར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན།དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་དང་ཟུང་འབྲེལ་བྱེད་དགོས་པར་མ་ཟད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་གསར་འབྱེད་ཡར་བརྩོན་དང་། འབད་འབུངས་ཡར་བརྩོན། དམ་པ་དོན་གཉེར་བཅས་བྱས་ཏེ།ལྷ་སའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་སྤུས་ཚད་མཐོར་གཏོང་དང་།ཕན་འབྲས་ཆེར་གཏོང་།བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་ནས་རང་གྲོང་གི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་།དྲུང་ཆེ་ཧོའུ་ཅིང་ཧྭ་ཚོགས་འདུར་ཞུགས་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191009.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་སྡུད་ སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->