ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་11ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད། ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཞིང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མངཊ་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་དམངས་འཚོ་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་དམངས་སྲིད་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་སྐབས་གསུངས་དོན། རྒན་གསོའི་ཞབས་ཞུ་དང་སྤྱི་ཚོགས་རོགས་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། བློ་རིག་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་གྱིས་གྲོང་ཁྱེར་དམངས་སྲིད་ཅུས་སྤྱི་ཚོགས་ཕན་བདེ་ཁོའོ་ཡི་ལས་བྱེད་པ་དང་ལས་བཟོ་བའི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཤིང་། ཚང་མས་བྱེད་ཐབས་སྣ་མང་བརྒྱུད་རྒན་གསོ་སོགས་གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་།འཕྲལ་མཁོ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
སྤྱི་ཚོགས་ཕན་བདེ་ཁང་གི་འགན་འཁུར་བ་མིག་དམར་བུ་ཁྲིད་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་སྐབས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་རྒྱུར་དམིགས་ནས་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད།ཕྱིས་འབྱུང་ང་ཚོས་དམངས་སྲིད་ཀྱི་འགན་ནུས་དང་ཟུང་འབྲེལ་བྱས་ཏེ་རིག་ལྡན་རྒན་གསོའི་ཕན་ནུས་འདོན་སྤེལ་དང་། ཀུན་ཕན་རང་བཞིན་གྱི་རྒན་གསོའི་མཁོ་སྤྲོད་མང་དུ་གཏོང་བ། མ་མཐའི་རང་བཞིན་གྱི་རྒན་གསོའི་མ་མཐའི་མཐའ་ཚད་བརྟན་དུ་གཏོང་བ་བཅས་ཕྱོགས་གསུམ་བརྒྱུད་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་ལྷ་སའི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལས་སྤྱི་ཚོགས་རོཊ་སྐྱོབ་ཁོའོ་ཡི་ལས་བྱེད་པ་དང་ལས་བཟོ་བའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་ཀྱང་འཕེལ་ཡོད། སྡེ་ཚན་དེའི་འགན་འཁུར་བས་སླད་ཕྱིན་གྱི་ལས་དོན་ཁྲོད་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་རིམ་དབྱེ་དང་རིཊ་དབྱེའི་སྤྱི་ཚོཊ་རོཊ་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།
སྤྱི་ཚོགས་རོགས་སྐྱོབ་ཁོའོ་ཡི་འགན་འཁུར་བ་ཟླ་བ་ལྷ་འཛོམས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བརྟག་ཞིབ་གནང་རིང་དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་མཐོ་རུ་གཏོང་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་ཡོད། ཕྱིས་འབྱུང་ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་དམངས་སྲིད་ཀྱི་དམངས་གཅེས་དང་དམངས་ཕན་གྱི་འདུ་ཤེས་ལག་ལེན་བསྟར་བ་དང་། དམངས་སྲིད་ཀྱི་སྲིད་ཇུས་ཁྱིམ་ཚང་ཚང་མར་ཁྱབ་གདལ་དུ་གཏོང་བ་དང་ཏང་གི་བཀའ་དྲིན་སེམས་ལ་བཅངས་པའི་གཙོ་དོན་བྱེད་སྒོ་མུ་མཐུད་སྤེལ་ནས་ཡོང་འབབ་དམའ་བའི་མི་ཚོཊ་ཀྱི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོཊ་སྐྱོར་ལས་དོན་སྤེལ་ཤུགས་ལ་ཤུཊ་སྣོན་རྒྱག་པ་དང་།རིམ་དབྱེ་དང་རིཊ་དབྱེའི་སྤྱི་ཚོགས་རོཊ་སྐྱོབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་འཚོའི་མཐའ་ཚད་ཡག་པོ་སྲུང་རྒྱུ་ཡིན་ཞེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社