分享按钮

ཝང་ཆང་གིས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ཚོགས་འདུ་འཚོགས་ནས་རང་གྲོང་གི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཀྱི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཡུལ་དངོས་སུ་རང་གྲོང་གི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ལས་གྲྭའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཚོགས་འདུ་འཚོགས་ནས་རང་གྲོང་གི་ཆུ་རྒྱུད་ལས་གྲྭའི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་ཞིང་།ཁོང་གིས་ཆུའི་ལས་དོན་ཡག་པོ་བསྒྲུབས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་།རིགས་པས་ཁུངས་སྐྱེལ་གཏིང་ཟབ། ཇུས་འགོད་ཞིབ་ཚགས། ཨར་ལས་ཞིབ་ཚགས་བཅས་བྱས་ཏེ།ཆུ་གྲོང་ཁུལ་དུ་འདྲེན་རྒྱུ་འདེགས་སྐྱོར་དུ་བྱེད་པ་དང་། ལྷ་སའི་སྐྱིད་ཆུ་གཙོ་བོར་བྱེད་པ་དང་ལྟེ་བའི་གྲོང་ཁུལ་གྱི་ས་ཁོངས་ཧྲིལ་པོར་ཁྱབ་ཐུབ་པའི་ཆུ་རྒྱུད་ཀྱི་རྣམ་པ་ཆེན་པོ་ཞིག་བཏོད་དེ་བཞའ་ཚན་ཅུང་ཆེ་བའི་གྲོང་ཁྱེར་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཝང་ཆང་དང་བཅས་པ་སྔ་རྗེས་སུ་ཉང་བྲན་ལམ་དང་། སེ་ར་ལམ། བོད་ལྗོངས་སློབ་ཆེན་ལམ་སོགས་སུ་ཕེབས་ནས་ཆུ་རྒྱུད་ཀྱི་རྒྱུག་ཕྱོགས་དང་ཆུ་ཁུངས་ཤར་བགྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ད་དུང་ཡུལ་དངོས་སུ་གནད་དོན་འཚོལ་ཞིབ་དང་མཁྱེན་རྟོགས་གང་ཐུབ་གནང་ཏེ། གནད་དོན་རེ་རེ་བཞིན་དབྱེ་ཞིབ་བྱས་ནས། གནད་དོན་ཐག་གཅོད་ཀྱང་གནང་ཡོད།

(པར་ངོས་གསུམ་པར་གཟིགས)

ཉེ་ཆར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ཚོགས་འདུ་འཚོགས་ནས་རང་གྲོང་གི་ཆུ་རྒྱུད་ལས་གྲྭའི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191004.html 1 ཝང་ཆང་གིས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་དང་འབྲེལ་ཚོགས་འདུ་འཚོགས་ནས་རང་གྲོང་གི་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་ཀྱི་འབྲེལ་ཡོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ། /enpproperty-->