分享按钮

འབྲས་སྤུངས་དགོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་པ།

དུས་ཡུན་རིང་པོའི་ནང་འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་པ་དང་། འདུ་འགོད་ཆེན་པོ་བཞི་དང་བྱ་སྤྱོད་དྲུག་དམ་འཛིན་བྱ་གཞིར་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དེ་དགོན་སྡེའི་སློབ་གསོ་དང་དོ་དམ།ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ཡོད། འབྲས་སྤུངས་དགོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་བྱེད་སྒོར་སྐུལ་འདེད་བཏང་བ་བརྒྱུད་ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་དུ་གྱུར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་དང་2024ལོའི་ཟླ་9པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ཡོད།

འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་དུ་སྐྱོད་སྐབས་སྒོ་རའི་ནང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཡིག་སྒྲོམ་སྟར་པ་དང་སྟར་པ་བྱས་ནས་སྒྲིག་བཞག་ཡོད་ལ་གསོན་ཉམས་དོད་པའི་ཡིག་འབྲུ་རེ་རེ་དང་པར་རིས་རེ་རེའི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་མངོན་བཞིན་ཡོད། རྒྱུན་གཏན་གྱི་ལས་ཀའི་ཁྲོད་དགོན་སྡེའི་དོ་དམ་ཨུ་ལྷན་གྱིས་དྲིལ་བསྒྲགས་ཡིག་སྒྲོམ་དང་། འཕྲེད་འགེལ་སྦྱར་ཡིག སྒྲ་བརྙན་སོགས་ཀྱི་གཞི་རྟེན་གང་ལེགས་སྤྱད་དེ་དགོན་སྡེའི་གྲྭ་བཙུན་ལ་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་དགོན་སྡེའི་ནང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།དུས་ཡུན་རིང་པོའི་ནང་དགོན་སྡེའི་དོ་དམ་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཆོས་ལུགས་ལས་རིགས་ཀྱི་འདུ་ཤེས་གསུམ་གྱི་སློབ་གསོའི་ནང་དོན་གཙོ་བོར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རྒྱ་བོད་ཡིག་རིགས་གཉིས་ཀྱི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཀློག་དེབ》དང《“འདུ་ཤེས་གསུམ”གྱི་སློབ་གསོའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་སློབ་གསོའི་སློབ་དེབ》བཅས་དེབ་1300ཞིབ་ཚགས་ངང་རྩོམ་སྒྲིག་བྱས་ནས་པར་དུ་བཏབ་ཡོད།

ཏང་གི་དགོངས་དོན་དེ་བས་བརྒྱུད་བསྒྲགས་གཏིང་ཟབ་བྱ་ཆེད། དགོན་སྡེའི་དོ་དམ་ཨུ་ལྷན་གྱིས་དགོན་སྡེ་ཡོངས་ཀྱི་དགེ་འདུན་པ་རྣམས་དྲིལ་བསྒྲགས་སློབ་གསོ་ཚོགས་ཆུང་12ལ་བགོས་ནས་ཟླ་རེར་རྣམ་པ་གསར་རྐྱང་གི་སློབ་སྦྱོང་བྱེད་སྒོ་ཐེངས་རེ་སྤེལ་ཏེ་དགོན་སྡེའི་དགེ་འདུན་པ་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 6 6 拉萨日报藏文 c191006.html 1 འབྲས་སྤུངས་དགོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་པ། /enpproperty-->