པར་འདི་ནི་གླིང་ཁུལ་གྱི་ལས་དོན་པས་མེ་ཏོག་ལ་ཐུམ་རྒྱག་བཞིན་པའི་རྣམ་པ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་གྱི་གསར་འགོད་པ་ཚེ་རིང་སྒྲོལ་དཀར་གྱིས་པར་དུ་བླངས།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྟོད་ལུང་བདེ་ཆེན་ཆུས་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཡན་ལག་ཡིན་པར་མ་ཟད། ད་དུང་ལྷ་སའི་ཤ་ཚལ་སྒོང་གསུམ་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ཡང་འཁུར་གྱི་ཡོད། སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྒྲིག་བཀོད་ཞིང་ལས་གླིང་ནི་མཁོ་སྤྲོད་འགན་ལེན་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པར་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཡོང་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ཉེ་ཆར། གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་སྒྲིག་བཀོད་ཞིང་ལས་གླིང་དུ་བསྐྱོད་དེ་གླིང་འདིའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཐད་བཅར་འདྲི་བྱས་ཡོད།
རྒུ་རུམ་གྲོང་རྡལ་སྒྲིག་བཀོད་ཞིང་ལས་གླིང་དུ་སྐྱོད་སྐབས་དྲོད་ཁང་ཆེན་པོ་སྟར་ཆགས་སུ་ཡོད་པ་དང་། ཤིང་འབྲས་དང་སྔོ་ཚལ་སོགས་སྣ་ཚོགས་བཏབ་ཡོད། གླིང་ཁུལ་འདིའི་རྒྱ་ཁྱོན་ལ་མུའུ་1136ལྷག་ཙམ་ཡོད་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社