分享按钮

དཔལ་འབྱོར་འཁོར་རྒྱུག་བརྟན་ལ་ལེགས་པ།

རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་མཐོང་ཐོས།

ཉིན་ཤས་གོང་གསར་འགོད་པ་རང་ལྗོངས་ཀྱི་ས་ཆ་མང་པོར་བསྐྱོད་ནས་མཉམ་སྒུལ་གཉིས་ཀྱི་མ་འཇོག་རྣམ་པ་གསར་པ་དང་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་སོགས་ཀྱི་གནད་དོན་ཐད་བཅར་འདྲི་བྱས་པས་གངས་ལྗོངས་ས་མཐོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་གསོན་ཤུཊ་གསར་པ་བྱུང་བ་ཤེས་རྟོགས་བྱུང་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1785.74ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་6.2འཕར་བ་དང་། རང་སྐྱོང་ལྗོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21777ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8.1འཕར་བ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་671.06ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་6.2འཕར་ཡོད།

ནུས་ལྡན་མ་འཇོག་ལ་བརྟེན་ནས་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་གདོང་དཀར་བཙོག་ཆུ་གཙང་སེལ་བཟོ་གྲྭས་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཡུན་གནས་ཡུག་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྟེན་གཞིས་འཚོ་བའི་མཚོན་རྟགས་གསར་སྤེལ་བྱས་པ་སོགས་རང་ལྗོངས་ཀྱི་ས་ཁུལ་མང་པོ་ཞིག་གིས་གཙོ་གནད་མ་འཇོག་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-15 རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་དང་པོའི་མཐོང་ཐོས། 6 6 拉萨日报藏文 c191002.html 1 དཔལ་འབྱོར་འཁོར་རྒྱུག་བརྟན་ལ་ལེགས་པ། /enpproperty-->