分享按钮

ལོ་བཅུའི་རིང་རྒྱལ་ཡོངས་ཁྲིམས་ཁང་གིས་རིཊ་ཁག་གི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་ཁྲི་216.1ཞིབ་གཅོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2014ལོའི་ཟླ་6པ་ནས་2024ལོའི་ཟླ་9པའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་ཁྲིམས་ལྟར་གཞུང་དྲང་ནུས་ཆེའི་ངང་རིགས་ཁག་གི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་ཁྲི་216.1ཞིབ་གཅོད་བྱས་པ་དང་།མཚོན་རྟགས་རང་བཞིན་གྱི་དཔེ་མཚོན་གྱོད་དཔེ་རབ་དང་རིམ་པ་ཞིབ་གཅོད་མཇུག་སྒྲིལ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཀྲུང་གོའི་ཁོར་ཡུག་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

འདི་ནི་གསར་འགོད་པས་ཚེས་12ཉིན་ཀྲེ་ཅང་ཧུའུ་ཀྲོའུ་རུ་འཚོགས་པའི་རྒྱལ་ཡོངས་ཁྲིམས་ཁང་གི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་ལས་དོན་ཚོཊ་འདུའི་ཐོག་ནས་ཤེས་རྟོཊ་བྱས་པ་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཁོར་ཡུག་ཐོན་ཁུངས་འདྲི་གཅོད་ཁྲིམས་ར་བཙུགས་ནས་ལོ་བཅུ་སོང་རིང་། མི་དམངས་ཁྲིམས་ཁང་གིས་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། 2021ལོ་ནས་བཟུང་རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོའི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་བདག་སྤྲོད་བྱེད་ཚད་ཉུང་དུ་འགྲོ་བའི་རྣམ་པ་ཐོན་འགོ་ཚུགས་པ་དང་།ཁོར་ཡུག་སྦགས་བཙོག་དང་འབྲེལ་བའི་ཉེས་དོན་གྱོད་གཞིའི་གྲངས་འབོར་ཆག་ཚད་དེ་བས་མངོན་གསལ་དོད་དུ་ཕྱིན་པ། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་ཚད་ལྡན་དང་གོ་རིམ་ལྡན་པ། མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཞབས་ཞུ་དང་། མཉམ་བསྲེས། སྐུལ་འདེད་བཅས་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།

འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་2014ལོ་ནས་བཟུང་།རྒྱལ་ཡོངས་ཁྲིམས་ཁང་གི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཆེད་དོན་འདྲི་གཅོད་སྒྲིག་གཞི་དང་འདྲི་གཅོད་རྩ་འཛུགས་134ནས་2400ལྷག་ཙམ་བར་མང་དུ་བཏང་བ་དང་།ཆེད་ལས་འདྲི་གཅོད་པ་10700ལྷག་ཙམ་ཟིན་པ་དང་རྒྱལ་ཡོངས་སུ་མཐོ་རིམ་ཁྲིམས་ཁང་30དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཡན་ལག་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ཁྲིམས་ར་བཙུགས་ཡོད་པ་རེད། དེ་དང་ཆབས་ཅིག་འབྱུང་ཁམས་ཁོར་ཡུག་གི་ཞིབ་བཤེར་གསུམ་གཅིག་སྡུད་ཀྱི་ལམ་སྲོལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་དམངས་དོན་གུན་གསབ་དང་། ཉེས་དོན་བདའ་འདེད། སྲིད་འཛིན་འགན་འཁྲི་ལག་བསྟར་བཅས་ཁྲིམས་ལྟར་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་མཐོ་རུ་བཏང་ཡོད།

གཞན་ཡང་མི་དམངས་ཁྲིམས་ཁང་གིས་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་བཅའ་ཁྲིམས་དང་འཚམ་པའི་སྒྲིག་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་བཅུའི་རིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་འགྲེལ་བཤད་21བཟོ་བཅོས་བརྒྱབ་པ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་22ཁྱབ་བསྒྲགས་བྱས་པ། འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་མཛུབ་ཁྲིད་རང་བཞིན་གྱི་གྱོད་དཔེ་40དང་ཆེད་དོན་དཔེ་མཚོན་གྱོད་དཔེ་ཁྱོན་ཁག་43གྱི་དོན་ཚན་437ཁྱབ་བསྒྲགས་བྱས་པ་རེད། མི་དམངས་ཁྲིམས་ཁང་གི་གྱོད་དཔེའི་མཛོད་ནང་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་དཔྱད་གཞིའི་གྱོད་དཔེ་350ལྷག་ཙམ་བསྡུས་ནས་ཁྲིམས་ཁང་རིམ་པ་ཁག་གིས་བཅའ་ཁྲིམས་ཡང་དག་སྤྱོད་པར་ཁྲིད་སྟོན་བྱས་ཡོད།

དེའི་ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་གྱོད་དཔེ་10མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ལིན་ཕིང་གིས་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་འདྲི་ཞིབ་ཡག་པོ་བྱས་ཏེ་དེ་བས་སྤུས་ལེགས་དང་དེ་བས་ཕུན་སུམ་ཚོགས་པའི་གྱོད་དཔེ་རྩེ་གྲར་བརྟེན་ནས་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c191000.html 1 ལོ་བཅུའི་རིང་རྒྱལ་ཡོངས་ཁྲིམས་ཁང་གིས་རིཊ་ཁག་གི་འབྱུང་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་ཁྲི་216.1ཞིབ་གཅོད་བྱས་པ། /enpproperty-->