分享按钮

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པའི་སྐོར་གྱི་བརྡ་ཐོ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ། ནང་དོན་ཆ་ཚང་གཤམ་གསལ་སྟེ།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་གི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུད་ཁག་དང་ཐད་གཏོགས་ལས་ཁུངས་ཁག་བཅས་ལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2024ལོའི་ཟླ11པར་བཟོ་བཅོས་བརྒྱབ་པའི《རྒྱལ་ཡོངས་ཀྱི་ལོ་རེའི་དུས་ཆེན་དང་རྗེས་དྲན་ཉིན་མོའི་ངལ་གསོའི་བྱ་ཐབས》 2025ལོའི་ཟླ1ཚེས1ཉིན་ནས་བཟུང་། སྤྱི་དམངས་ཡོངས་ཀྱི་ངལ་གསོ་ཉིན་2མང་དུ་སོང་བ་དང་། དེའི་ཁྲོད་དཔྱིད་གསར་དུས་ཆེན་དང་ངལ་རྩོལ་དུས་ཆེན་ལ་ཉིན་1མང་དུ་བཏང་ཡོད། དེར་བརྟེན་གུང་གསེང་རིང་གི་ངལ་གསོ་ལེགས་སྒྲིག་གི་རྩ་དོན་སྔར་བས་ལེགས་སུ་དང་འཐུས་ཚང་དུ་བཏང་ཞིང་། དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཕུད། དཔྱིད་གསར་དུས་ཆེན་ནི་ལུགས་རྙིང་ལོའི་གནམ་གང་ནས་བཟུང་ངལ་གསོ་ཉིན་8འཇོག་རྒྱུ་དང་། རྒྱལ་སྟོན་དུས་ཆེན་དུ་ཟླ་10ཚེས་1ཉིན་ནས་བཟུང་ངལ་གསོ་ཉིན་7འཇོག་རྒྱུ། ངལ་རྩོལ་དུས་ཆེན་ལ་ངལ་གསོ་ཉིན་5འཇོག་རྒྱུ་བཅས་རེད། གནམ་ལོ་གསར་ཚེས་དང་། དྭངས་གསལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན་བཅས་སོ་སོར་ངལ་གསོའི་དུས་ཚོད་སྤོ་སྣུར་དང་ཡང་ན་བསྟུད་མར་ཉིན་3འཇོག་རྒྱུ(དཔེར་ན་གཟའ་ལྷག་པར་འཁེལ་ཚེ་ཉིན་དེ་རང་ལ་ངལ་གསོ་འཇོག་རྒྱུ)དང་། གལ་ཏེརྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་མཉམ་དུ་འཁེལ་ཚེ་ངལ་གསོ་ཉིན་8འཇོག་རྒྱུ།

གོང་གསལ་གྱི་རྩ་དོན་ལྟར། 2025ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན།རྒྱལ་སྟོན་དུས་ཆེན་བཅས་ཀྱི་ངལ་གསོའི་དུས་ཚོད་ལེཊ་སྒྲིག་བྱས་པ་གཤམ་གསལ་ལྟར།

གཅིག གནམ་ལོ་གསར་ཚེས། ཟླ་1ཚེས་1ཉིན(གཟའ་ལྷག་པ)ལ་ངལ་གསོ་ཉིན་གཅིག་འཇོག་རྒྱུ་དང་ངལ་གསོ་ལེགས་སྒྲིག་མི་བྱ་རྒྱུ།

གཉིས། དཔྱིད་གསར་དུས་ཆེན། ཟླ་1ཚེས་28ཉིན(ལུགས་རྙིང་གི་གནམ་གང་ཉིན་དང་གཟའ་མིག་དམར་ཡིན)ནས་ཟླ་2ཚེས་4ཉིན(ལུགས་རྙིང་གི་ཟླ་དང་པོའི་ཚེས་བདུན་དང་གཟའ་མིག་དམར་ཡིན)བར་ཁྱོན་ངལ་གསོ་ཉིན་8འཇོག་རྒྱུ། ཟླ་1ཚེས་26ཉིན(གཟའ་ཉི་མ)དང་ཟླ་2ཚེས་8ཉིན(གཟའ་སྤེན་པ)ལས་ཀ་འཚོག་རྒྱུ།

གསུམ། དྭངས་གསལ་དུས་ཆེན། ཟླ་4བའི་ཚེས་4ཉིན(གཟའ་པ་སངས)ནས་ཚེས་6ཉིན(གཟའ་ཉི་མ)བར་ཁྱོན་ངལ་གསོ་ཉིན་3འཇོག་རྒྱུ།

བཞི། ངལ་རྩོལ་དུས་ཆེན། ཟླ་5པའི་ཚེས་1ཉིན(གཟའ་ཕུར་བུ)ནས་ཚེས་5ཉིན(གཟའ་ཟླ་བ)བར་ཁྱོན་ངལ་གསོ་ཉིན་5འཇོག་རྒྱུ་དང་། ཟླ་4ཚེས་27ཉིན(གཟའ་ཉི་མ)ལས་ཀ་འཚོག་རྒྱུ།

ལྔ། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་5བའི་ཚེས་31ཉིན(གཟའ་སྤེན་པ)ནས་ཟླ་6པའི་ཚེས་2ཉིན(གཟའ་ཟླ་བ)བར་ངལ་གསོ་འཇོག་རྒྱུ་དང་། བསྡོམས་པས་ཉིན་3ཡིན།

དྲུག རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན། ཟླ་10ཚེས་1ཉིན(གཟའ་ལྷག་པ)ནས་ཚེས་8ཉིན(གཟའ་ལྷག་པ)བར་ཁྱོན་ངལ་གསོ་ཉིན་8འཇོག་རྒྱུ་དང་། ཟླ་9ཚེས་28ཉིན(གཟའ་ཉི་མ)དང་ཟླ་10ཚེས་11ཉིན(གཟའ་སྤེན་པ)ལས་ཀ་འཚོག་རྒྱུ།

དུས་ཆེན་དང་གུང་གསེང་རིང་ས་གནས་ཁག་དང་ཚན་པ་ཁག་གིས་ལས་རེས་དང་། བདེ་འཇགས། སྲུང་སྐྱོབ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱས་ཏེ་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་འཕྲད་སྐབས་གཏན་འབེབས་གཞིར་བཟུང་།དུས་ཐོག་ཏུ་སྙན་སེང་ཞུ་བ་དང་འབྲེལ་ཐག་གཅོད་འོས་འཚམ་བྱས་ནས་མི་དམངས་མང་ཚོགས་ཀྱིས་འཆམ་མཐུན་དང་དུས་བདེའི་ངང་དུས་ཆེན་དང་གུང་གསེང་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

2024ལོའི་ཟླ་11ཚེས་12ཉིན།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c191001.html 1 རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2025ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པའི་སྐོར་གྱི་བརྡ་ཐོ། /enpproperty-->