ཉེ་ཆར། ཉིང་ཞ་རུ་གངས་ཆར་བབས་པ་དང་བསྟུན་ནས་དྲོད་ཚད་མུ་མཐུད་དམའ་རུ་ཕྱིན་ཡོད། དྲོད་རླངས་མཁོ་འདོན་སྡེ་ཚན་གྱིས་བྱ་ཐབས་ཁག་ཧུར་ཐག་སྤྱད་དེ་དྲོད་འདོན་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་དང་སེམས་དྲོད་འདུ་འགོད་ཡག་པོ་བསྒྲུབས་ནས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱིན་ཁྲོན་གྲོང་ཁྱེར་གྱི་ཚ་ནུས་འབྱུང་ཁུངས་གཙོ་བོ་ཡིན་པའི་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཉིང་ཞ་ལིང་ཝུའུ་གློག་ཁང་གིས་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་7700ལྷག་ཙམ་ཟིན་ཡོད་པ་རེད། འདི་ལོའི་དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་དུས་ཚིགས་སུ་བཟོ་གྲྭ་དེས་དྲོད་རླངས་མཁོ་འདོན་རིག་ནུས་ཅན་གྱི་རིམ་སྤོར་སྒྱུར་བཀོད་དང་། སྒྲིག་ཆས་ལ་སྲུང་སྐྱོང་དང་ཞིབ་བཤེར་བཟོ་བཅོས། དངོས་ཟོག་གསོག་འཇོག ཆུ་ཚོད་24རིང་གི་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད་ནུས་ཤུགས་ཡོད་རྒུས་དྲོད་རླངས་མཁོ་འདོན་བྱས་ཡོད།
པར་འདི་ནི་ཟླ་11ཚེས་12ཉིན་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ཉིང་ཞ་ལིང་ཝུའུ་གློག་ཁང་གི་ལས་དོན་པས་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་འཁོར་ཁང་དུ་སྒྲིག་ཆས་ལ་སྐོར་ཞིབ་བྱེད་པའི་རྣམ་པ་ཡིན།
(ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ་གཞིར་བཟུང)
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社