(པར་ངོས་དང་པོར་མཐུད)ལོ་རྒྱུས་རྣམ་གྲངས་དང་གསར་དུ་བསྐྲུན་པའི་རྣམ་གྲངས་ཀྱི་རྩིས་ཐོ་གཉིས་ལ་མཐིལ་རྟོགས་བྱེད་པ། འབྲེལ་ཡོད་ཚན་པའི་བྱེད་པོའི་འགན་འཁྲི་ནན་ཏུ་གཏོང་བ། བྱ་ཐབས་ནུས་ལྡན་སྤྱད་ནས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་དགོས། དོ་དམ་ཚད་ལྡན་དུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་དོ་དམ་ལམ་ལུགས་ཆ་ཚང་པོ་བཟོ་བ་དང་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིང་པ་ལས་མིའི་གླ་ཕོགས་ཀྱི་ཆེད་སྤྱོད་རྩིས་ཁྲ་བཟོ་བ། ཞིང་པ་ལས་མིའི་གླ་ཕོགས་འགན་ལེན་མ་དངུལ་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཆེད་དངུལ་ཆེད་སྤྱོད་ལ་འགན་ལེན་ཏན་ཏིག་བཅས་བྱས་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱེད་དགོས།
ཝང་ཆང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་སེམས་གཅིག་སྒྲིལ་བཅས་བྱེད་པའི་ལས་དོན་གལ་ཆེན་ཞིག་དང་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། འགན་འཁྲི་ནན་ཏུ་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཆང་དགོས་པ། ཡིག་བསྐུར་ངོ་བཅར་ལས་དོན་དེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་དང་འབྲེལ་ཐག་ཏུ་བརྩི་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། ཡིག་བསྐུར་ངོ་བཅར་ཞུ་ལམ་ཤར་གཏོང་དང་། མང་ཚོགས་ལ་སྣེ་ལེན་ཞུ་བ་ཚད་ལྡན་དུ་གཏོང་བ། བློ་གཅིག་སེམས་གཅིག་གིས་ཡིག་བསྐུར་ངོ་བཅར་ཞུ་མཁན་མང་ཚོགས་རེ་རེ་བཞིན་ལ་ལྟ་སྟངས་ཡང་དག་འཛིན་པ། ཁྲིམས་ལྟར་ཡིག་བསྐུར་ངོ་བཅར་གྱི་དོན་དག་ཚང་མ་བསྒྲུབ་དགོས། མཐུན་སྦྱོར་མཉམ་འགུལ་བྱེད་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངོ་བཅར་བྱེད་མཁན་ལ་སྣེ་ལེན་ཞུ་བའི་ལས་རིམ་ལེགས་སུ་གཏོང་བ། ཡིག་བསྐུར་ངོ་བཅར་གྱི་གནད་དོན་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། སྣེ་ཁྲིད་སྡེ་ཚན་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁྲི་ཁ་གསལ་བཟོ་བ། གཞོཊ་འདེགས་གང་ལེགས་བྱེད་པ། ཐུན་མོང་ཐོག་གྲོས་མོལ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ནས་ལས་ཆོད་ཆེ་རུ་གཏོང་དགོས། གནད་དོན་ཐག་གཅོད་བྱེད་པར་གནད་དོན་གྱི་ཕྱོགས་སྟོན་དང་། གྲུབ་འབྲས་ཀྱི་ཕྱོགས་སྟོན། དམིགས་ཚད་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱེད་པ་དང་། དབྱེ་ཞིབ་དང་བརྡར་གཅོད་གཏིང་ཟབ་བྱེད་པ། དངོས་ཐོག་བདེན་འཚོལ་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ཀྱི་ཇུས་གཞི་བཟོ་བ། ཐོ་འགོད་སྐུལ་སྒྲུབ་དང་ཡིག་བསྐུར་ངོ་བཅར་གྱི་བྱ་བ་ཁག་བསྒྲུབས་ཚུལ་ལ་རྗེས་སྙེགས་ལྟ་སྐུལ་བཅས་བྱས་ནས་མང་ཚོགས་ཀྱི་རེ་འབོད་རེ་རེ་བཞིན་ལ་ཞུ་ལམ་ཡོད་པ་དང་། ཐག་གཅོད་བྱེད་མཁན་ཡོད་པ། དུས་མཇུག་ཏུ་ལན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社